2023/11/10

論源(2008/10/04)

2008/10/04初版;2016/11/19修訂(重編版面,移除超連結,增訂藏文)2020/04/06三版(變更字體;藏文改採泰式分散對齊,並嵌入ཏྲེ་ཧོར།版四家注)

論之本文——p. 10611

第二四聚中,諸根不掉者,謂根於境放散之後,意亦隨逐,於境掉動,深見過患,令意厭捨。受學學處者,謂隨力受學佛制學處。悲愍有情者,謂佛聖教,由悲差別,故歸依此,於諸有情,亦應悲愍,斷除損害。應時時間,於三寶所勤修供養者,謂應日日供養三寶。

p. 10613

tib. p. 14402

བཞི་ཚན་གཉིས་པའི་དབང་པོ་མི་རྒོད་པར་༡༽བྱ་བ་ནི། དབང་པོ་ཡུལ་ལ་བག་ཡངས་སུ་སོང་བའི་རྗེས་སུ་ཡིད་འབྲངས་ནས། ཡུལ་རྣམས་ལ་རྒོད་པ་ལ་སྐྱོན་དུ་བལྟས་ནས་ཡིད་ཕྱིར་ཕྱོགས་པར་བྱེད་པའོ།། བསླབ་པའི་གཞི་ཡང་དག་༢༽བླང་བར་བྱ་བ་ནི། སངས་རྒྱས་ཀྱིས་བཅས་པའི་བསླབ་པའི་གཞི་ཅི་ནུས་སུ་ལེན་པའོ།། སེམས་ཅན་ལ་སྙིང་རྗེ་བར་བྱ་༣༽བ་ནི། རྒྱལ་བའི་བསྟན་པ་སྙིང་རྗེས་ཁྱད་པར་དུ་བྱས་པས། དེ་ལ་སྐྱབས་སུ་སོང་བས་ཀྱང་སེམས་ཅན་ལ་སྙིང་བརྩེ་བར་བྱས་ཏེ་འཚེ་བ་སྤོང་བའོ།། གསུམ་པོ་འདི་དཀོན་མཆོག་ལ་སྐྱབས་སུ་སོང་བའི་བསླབ་བྱར་འོང་བའི་རྒྱུ་མཚན་ནི། ཡུལ་ཁྱད་པར་ཅན་དཀོན་མཆོག་ལྟ་བུ་བསྟེན་པའི་དགོས་པ་ནི་དེའི་སྤྱོད་ཚུལ་ལམ་ཡོན་ཏན་འགོ་བ་གཅིག་འོང་བའི་ཆེད་དུ་ཡིན་ལ་གསུམ་པོ་དེ་ལ་མ་བསླབ་ན་སྤྱོད་ཚུལ་བཟང་པོ་དེ་མི་འོང་བའི་ཆ་ནས་ཡིན་ཏེ། དཔེར་ན་བཤས་གཉེན་དམ་པ་བསྟེན་པའི་དགོས་པ་ནི། དེའི་སྤྱོད་ཚལ་བཟང་པོ་དེ་གོས་པའི་ཆེད་དུ་ཡིན་་པས་དེ་ཡོད་ན་དེའི་ཞབས་ཏོག་ཏུ་འགྱུར་ཞིང་དེ་མེད་ན་བཤེས་གཉེན་གྱི་ཞབས་འདྲེན་དུ་འགྱུར་བ་བཞིན་ནོ།། དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་༤༽པར་བྱ་བ་ནི། ཉི་མ་རེ་རེ་བཞིན་དཀོན་མཆོག་ལ་མཆོད་པར་བྱ་བའོ།།

tib. p. 14409

論源紀錄——

《瑜伽師地論》卷六十四〈攝決擇分中聞所成慧地〉

當知復有四種正行。一諸根不掉。二受學學處。三悲愍有情。四應時時間於三寶所勤修供養。

前一則 下一則

沒有留言:

張貼留言