2023/11/25

論源(2006/12/23)

2006/12/23初版;2017/10/15修訂(更新版面,移除超連結;增訂第二類二十種勝利;增訂藏文,並嵌入ཏྲེ་ཧོར།四家注)

論之本文──p. 02013

《勸發增上意樂》中云:「慈氏!無染法施,謂不希欲,利養恭敬,而施法施。此二十種是其勝利。何等二十?謂成就念、成就勝慧、成就覺慧、成就堅固、成就智慧、隨順證達出世間慧、貪欲微劣、瞋恚微劣、愚癡微劣、魔羅於彼不能得便、諸佛世尊而為護念、諸非人等於彼守護、諸天於彼助發威德、諸怨敵等不能得便、其諸親愛終不破離、言教威重、其人當得無所怖畏、得多喜悅、智者稱讚、其行法施是所堪念。」

p. 02105

tib.p. 02803

ལྷག་པའི་བསམ་པ་བསྐུལ་བ་ལས། བྱམས་པ་ཞེས་བོས་ནས། ཉི་ཤུ་བོ་འདི་ནི་ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པ་སྟེ་རྙེད་པ་དང་བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་སྦྱིན་པ་གང་ཡིན་པ་དེའི་ཕན་ཡོན་ཡིན་ཏེ། ཉི་ཤུ་གང་ཞེ་ན་འདི་ལྟ་སྟེ་ལུགས་འདིའི་བླ་མ་སྔ་མ་དག་གི་གསུང་ལས་ཆོས་བཤད་པའི་ཕན་ཡོན་ཉི་ཤུ་ལ་རྒྱུ་མཐུན་གྱི་འབྲས་བུ་དྲུག བྲལ་བའི་འབྲས་བུ་བཞི། བདག་པོའི་འབྲས་བུ་དགུ རྣམ་སྨིན་གྱི་འབྲས་བུ་གཅིག་རྣམས་སུ་གསུངས་པ་ལས་དང་པོ་ཆོས་བཤད་པའི་བསོད་ནམས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་དྲུག་ནི། ཚིག་དོན་མི་བརྗེད་པའི་ཐོས་བྱུང་གི་ཤེས་རབ་ཀྱི་དྲན་པ་དང་ལྡན་པར་འགྱུར་བ་དང་། དོན་དམ་མཉམ་བཞག་བསྒོམས་བྱུང་གི་ཤེས་རབ་ཀྱིས་ངེས་པའི་བློ་གྲོས་དང་ལྡན་པར་འགྱུར་བ་དང་། ཀུན་རྫོབ་རྗེས་ཐོབ་བསམ་བྱུང་གི་ཤེས་རབ་ཀྱིས་ངེས་པའི་བློ་དང་ལྡན་པར་འགྱུར་བ་དང་། ཤེས་རབ་ཀྱིས་གོང་ནས་གོང་དུ་ངེས་པའི་ངེས་དོན་ལྟ་བས་མི་འཕྲོག་པའི་བརྟན་པ་དང་ལྡན་པར་འགྱུར་བ་དང་། ཚོགས་སྦྱོར་གཉིས་ཀྱིས་བསྡུས་པའི་འཇིག་རྟེན་པའི་ཤེས་རབ་དང་ལྡན་པར་འགྱུར་བ་དང་། མཐོང་སྒོམ་གཉིས་ཀྱིས་བསྡུས་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པ་སྟེ་ཐོབ་པར་འགྱུར་བ་དང་། དྲུག་གོ། བྲལ་བའི་འབྲས་བུ་བཞི་ནི། འདོད་ཆགས་ཆུང་བར་འགྱུར་བ་དང་། ཞེ་སྡང་ཆུང་བར་འགྱུར་བ་དང་། གཏི་མུག་ཆུང་བར་འགྱུར་བ་དང་། དུག་གསུམ་ཆུང་བས་བདུད་ཀྱིས་དེ་ལ་གླགས་མི་རྙེད་པར་འགྱུར་བ་དང་།༡༠ བཞིའོ།། བདག་པོའི་འབྲས་བུ་དགུ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བུ་གཅིག་པ་སྡུག་པ་ལྟར་དེ་ལ་དགོངས་པར་འགྱུར་བ་དང་།༡༡ ཕྱོགས་སྐྱོང་བཅུ་ལ་སོགས་པ་དཀར་ཕྱོགས་ལ་མངོན་པར་དགའ་བའི་མི་དང་མི་མ་ཡིན་པ་རྣམས་དེ་ལ་མི་མཐུན་ཕྱོགས་ལས་བསྲུང་བར་འགྱུར་བ་དང་།༡༢ ཚངས་པ་དང་བརྒྱ་བྱིན་སོགས་ལྷ་རྣམས་དེ་ལ་གཟི་བྱིན་མདངས་སྟོབས་བསྐྱེད་པར་འགྱུར་བ་དང་།༡༣ ཟང་ཟིང་ལ་མི་བལྟ་བས་མི་མཛའ་བ་དགྲ་ལ་སོགས་པ་རྣམས་ཀྱིས་དེ་ལ་མཐོ་འཚམས་པ་དང་འཕྱར་ཀ་འདོགས་པ་སོགས་ཀྱིས་གླགས་རྙེད་པར་མི་འགྱུར་བ་དང་།༡༤ དེའི་དགེ་བའི་བཤེས་གཉེན་དང་མཛའ་བཤེས་རྣམས་ཡིད་ཆེས་ཤིང་ཕྱིར་དད་པས་མཛའ་བ་མི་ཕྱེད་པར་འགྱུར་བ་དང་།༡༥རང་འདོད་རྙེད་བཀུར་དོན་གཉེར་མེད་པས་ཚིག་བཙུན་པར་ཏེ་བཟུང་བར་འོས་པ་འཛིན་པར་འགྱུར་བ་དང་།༡༦ ཤེས་རབ་འཕེལ་ཞིང་རྙེད་བཀུར་དོན་གཉེར་མེད་པ་སྟེ་དེས་མཁས་པའི་མདུན་སར་མི་འཇིགས་པ་འཐོབ་པར་འགྱུར་བ་དང་།༡༧ རྙེད་མ་རྙེད་སོགས་མི་སེམས་པའི་རྒྱུ་དེ་ལས་ཡིད་བདེ་བ་མང་བར་འགྱུར་བ་དང་།༡༨ སངས་རྒྱས་བྱང་སེམས་དང་གོང་མ་མཁས་པས་ཡོན་ཏན་གྱིས་བསྔགས་པར་འགྱུར་བ་དང་།༡༩ དགུའོ།། རྣམ་སྨིན་གྱི་འབྲས་བུ་གཅིག་ནི་དེའི་ཆོས་ཀྱི་སྦྱིན་པའི་ཡོན་ཏན་དང་བཀའ་དྲིན་དེ་ཡང་རྗེས་སུ་དྲན་པར་བྱ་བར་འོས་པར་འགྱུར་བ་༢༠སྟེ།

tib.p. 02817

論源紀錄──

T11 No. 310
三藏法師菩提流志奉 詔譯
《大寶積經》卷第九十一〈發勝志樂會第二十五之一〉

復次彌勒。若菩薩以無希望心行法施時。不著名聞利養果報。以饒益事而為上首。常為眾生廣宣正法。當得成就二十種利。云何名為二十種利。所謂正念成就。智慧具足。有堅持力。住清淨行。生覺悟心。得出世智。不為眾魔之所得便。少於貪欲。無有瞋恚。亦不愚癡。諸佛世尊之所憶念。非人守護。無量諸天加其威德。眷屬親友無能沮壞。有所言說人必信受。不為冤家伺求其便。得無所畏。多諸快樂。為諸智人之所稱歎。善能說法眾人敬仰。

2017.10.15依《略論》所說「當生兩聚二十種勝利」,增訂第二類二十種勝利如下:

復次彌勒。若菩薩以無希望心行法施時。不著名聞利養果報。以饒益事而為上首。常為眾生廣宣正法。又能成就二十種利。云何名為二十種利。所謂未生辯才而能得生。已生辯才終不忘失。常勤修習得陀羅尼。以少功用善能利益無量眾生。以少功用令諸眾生起增上心恭敬尊重。得身口意清淨律儀。超過一切惡道怖畏。於命終時心得歡喜。顯揚正法摧伏異論。一切豪貴威德尊嚴。猶自不能有所窺望。何況下劣少福眾生。諸根成就無能映蔽。具足攝受殊勝意樂。得奢摩他、毘婆舍那。難行之行皆得圓滿。發起精進普護正法。速疾能超不退轉地。一切行中隨順而住。

彌勒。是為菩薩當得成就二十種利。

 下一

沒有留言:

張貼留言