2023/11/17

消文(2008/12/29)

2008/12/29初版;2020/04/22修訂(重編版面;移除超連結;增訂藏文採泰式分散對齊,並嵌入ཏྲེ་ཧོར།四家注)

論之本文——p. 11613

佛是歸依大師,僧是歸依正行助伴,故正歸依是為法寶。若能得此,解脫畏故。最下法寶,亦是由其初修業時,遠一分過,修一分德,斷證二事,倍轉勝進而為安立,非離此外,忽從他來。

p. 11702

tib. p. 15720

སངས་རྒྱས་ནི་སྐྱབས་སྟོན་པ་དང་དགེ་འདུན་ནི་སྐྱབས་བསྒྲུབ་པའི་གྲོགས་ཡིན་པས། སྐྱབས་དངོས་ནི་ཆོས་དཀོན་མཆོག་སྟེ། དེ་ཐོབ་པ་ན་འཇིགས་པ་ལས་གྲོལ་བའི་ཕྱིར་རོ།། སྐྱབས་འགྲོ་དང་ལས་རྒྱུ་འབྲས་ཀྱི་ཆོས་བསམ་པས་ངན་འགྲོ་ལས་སྐྱོབས། བདེན་བཞི་བསམ་པས་འཁོར་བ་ལས་སྐྱོབས། ཐབས་ཤེས་ཟུང་འཇུག་བསྒོམ་པའི་ཆོས་ཀྱིས་སྲིད་ཞིའི་མཐའ་གཉིས་ལས་སྐྱོབས་པས་ན་ཆོས་དཀོན་མཆོག་སྐྱབས་དངོས་སུ་བཞག་གོ། མཐའི་འབྲས་བུའི་ཆོས་ད་དཀོན་མཆོད་སྒྲིབ་གཉིས་སྤངས་པའི་འགོག་བདེན་དང་ཡེ་ཤེས་ཆོས་སྐུ་ལྟ་བུ་དེ་ཡང་ལས་དང་པོ་བའི་དུས་ཀྱི་སྐྱོན་ཕྱོགས་རེ་ཙམ་སྤོང་བའི་སྤངས་པ་དང་། ཡོན་ཏན་ཕྱོགས་རེ་ཙམ་བསྒྲུབ་པའི་རྟོགས་པ་གཉིས་གོང་ནས་གོང་དུ་འཕེལ་ཏེ་སྔ་མ་ལས་ཕྱི་མ་ཁྱད་ཞུགས་ཏེ་མངོན་མཚན་དོད་པར་སོང་བ་ལ་འཇོག་གི། འགོག་བདེན་དང་ལམ་བདེན་ཐོབ་པའི་ཐ་སྙད་འདོགས་ཤིང་དེ་ཉིད་གོང་དུ་འཕེལ་བ་མཐར་ཐུག་པ་ན་མཐར་ཐུག་གི་འགོག་བདེན་སོགས་གསུང་། དེ་ལས་གཞན་འབྲས་བུའི་སྐབས་གློ་བུར་དུ་འབྱུང་བ་མིན་ནོ།། དེ་ཡང་ཆོས་ལ་སྐྱབས་སུ་སོང་བ་ནི་ཆོས་མངོན་དུ་བྱ་བར་འཛིན་པར་གསུངས་པ་དང་། ཆོས་དཀོན་མཆོག་ནི་སྐབས་གང་ཡིན་གྱི་འཇིགས་པ་ལས་སྐྱོབས་པའི་སྐྱབས་དངོས་ཡིན་ཞིང་། དེའི་ཚེ་སྐྱེས་བུ་ཆུང་ངུའི་སྐབས་འདིར་ངན་འགྲོའི་འཇིགས་པ་ལས་སྐྱོབས་པའི་སྐྱབས་དངོས་གཅིག་ལ་ཆོས་དཀོན་མཆོག་ཏུ་བྱེད་དགོས་ཤིང་། དེ་ཡང་འབྲས་བུ་ངན་འགྲོའི་འཇིགས་པ་ལས་སྐྱོབ་པ་ལ་རྒྱུ་མི་དགེ་བ་བཅུ་ལ་འཇུག་པ་ལྡོག་དགོས་པས། དེའི་གཉེན་པོ་དགེ་བཅུའི་རྣམ་དབྱེ་ལ་མཁས་པར་བྱས་ནས་དེ་ལ་འདོར་ལེན་ཚུལ་བཞིན་དུ་བསྒྲུབ་པ་དང་དེ་ལ་བརྟེན་ནས་མི་དགེ་བ་བཅུ་ཅི་རིགས་ཉམས་སྨད་ནས་དག་པ་ནི་སྐྱེས་བ་ཆུང་ངུའི་སྐབས་ཀྱི་སྐྱབས་ཡུལ་ཆོས་དཀོན་མཆོག་ཡིན་ལ། དེ་ལྟར་ན་སྐབས་དེའི་སྐྱབས་ཡུལ་ཆོས་དཀོན་མཆོག་དེ་ཆོས་དཀོན་མཆོག་མཚན་ཉིད་པ་མིན་བྱས་ན་ཅི་འདྲ་ཡོང་ངམ་གསུང་།

tib. p. 15805

消文紀錄——

佛是歸依大師:佛世尊是我們歸依的大師。

僧是歸依正行助伴:僧伽是歸依已真正修行時的助伴。

故正歸依是為法寶:所以,我們實際歸依的是法寶。

若能得此,解脫畏故:因為如果能夠得到法寶,就可以解脫怖畏的緣故。

最下法寶,亦是由其初修業時,遠一分過,修一分德,斷證二事,倍轉勝進而為安立:最基本的法寶,就是行者剛開始修習時,遠離一分過患(即斷除),增長一分功德(即證得),這斷過與證德二事,不斷加倍輾轉增上而安立的。

非離此外,忽從他來:不是離開此二事,忽然從他處得來的。

我對這段本文之理解——

宗大師教誡行者當如實歸依三寶,並應如理如法勤修斷證二事。

前一則 下一則

沒有留言:

張貼留言