2008/12/16初版;2014/10/24修訂(重編版面,增訂藏文,移除超連結);2020/04/21修訂(藏文改採泰式分散對齊,並嵌入ཏྲེ་ཧོར།版四家注)
論之本文——p. 11502
六人與非人不能為難者,如經云:「諸遭怖畏人,多歸依山林,及歸諸園囿,歸所供樹木。其歸非尊勝,其歸非第一,雖依其依處,不能脫眾苦。若時有歸依,佛法及僧伽,由知苦苦集,正超越諸苦。八支聖道樂,當趣般湼槃,以智慧觀見,諸四聖諦理,此歸為尊勝,此歸是第一,由歸此歸處,能解脫眾苦。」此中應以成就風索外道等緣,而為譬喻。
p. 11506
tib. p. 15412
མི་དང་མི་མ་ཡིན་གྱི་བར་གཅོད་ཀྱིས་མི་ཚུགས་པ་ནི། ཐོས་བཔའི་ཚོམས་མདོ་ལས། ངདཀོན་མཆོག་དང་ཚུལ་ཁྲིམས་རྩ་བར་གྱུར་པའི་འཕགས་པའི་ལམ་སྐྱབས་ཡིན་གྱི་ཕྱིན་ཅི་ལོག་ལ་བརྟེན་པ་དག་སྐྱབས་མ་ཡིན་པར་བསྟན་པ་སྟེ་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་ན་མུ་སྟེགས་ཅན་ཁ་ཅིག་ནི་རི་ལ་བརྟེན་ཏོ།། གཞན་དག་ནི་ནགས་ཚལ་དང་ཀུན་དགའ་ར་བ་དང་གཙུག་ལག་ཁང་དང་ཤིང་དག་ལ་བརྟེན་པ་གཟིགས་ནས་འདིར་ཡང་གསུངས་པ། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་བར་བ་དང་ནི་དེ་ལས་གཞན་པའི་མཆོད་གནས་ཀྱི་བལྷ་དང་། །ལྗོན་ཤིང་བགི་ལྷ་རྣམས་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཅིང་། སྐྱབས་དེ་མཆོག་གྱུར་མ་ཡིན་ལ། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། །སྡུག་བསྔལ་ཀུན་ལས་མི་གྲོལ་ཞིང་། །གང་ཚེ་གང་ཞིག་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་ལ།། བའབྲས་བུ་སྡུག་བསྔལ་བདང་རྒྱུ་སྡུག་བསྔལ་ཀུན་འབྱུང་དང་། །བདེ་ལྟ་བུའི་སྡུག་བསྔལ་ཡང་དག་བཔར་འདས་པ་བའམ་འགགས་པ་དང་། །འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པ་འགྲོ་འགྱུར་དང་། །འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་རོ།། འདིར་མུ་སྟེགས་རླུང་ཞགས་གྲུབ་པ་ལ་སོགས་པའི་གཏམ་རྣམས་དཔེར་བྱའོ།།
tib.p. 15520
論源紀錄——
T29No.1559
婆藪盤豆造
陳天竺三藏真諦譯
《阿毘達磨俱舍釋論》卷第十一〈中分別業品之二〉
如佛世尊所說偈。
多人求歸依 諸山及密林 園苑樹支提 怖畏所逼惱
此歸依非勝 此歸依非上 若至此歸依 不解脫眾苦
若人歸依佛 歸依法及僧 四種聖諦義 依慧恒觀察
苦及苦生集 一向過離苦 具八分聖道 趣向苦寂靜
此歸依最勝 此歸依為上 若至此歸依 則解脫眾苦
前一則 下一則
沒有留言:
張貼留言