2023/11/17

論源(2008/12/14)

2008/12/14初版;2020/04/21修訂(重編版面,移除超連結,增訂藏文並採泰式分散對齊,嵌入ཏྲེ་ཧོར།版四家注)

論之本文——p. 11411

三先集業障輕微滅盡者,《集學論》中,顯示歸依能淨罪時,說云:「此中應以生猪因緣,而為譬喻。」謂有天子當生猪中,由歸依故,即未生彼,是由歸依能淨當生惡趣因故。「若有歸依佛,彼不往惡趣,捨棄人身已,彼當得天身。」於法及僧亦如是說。故先集罪,有者輕微,有者罄盡。

p. 11501

tib.p. 15501

སྔོན་བསགས་པའི་ལས་ཀྱི་སྒྲིབ་པ་རྣམས་བསྲབས་ཤིང་འཛད་པར་འགྱུར་བ་ནི། བསླབ་བཏུས་སུ་སྐྱབས་སུ་འགྲོ་བས་སྡིག་འདག་པར་སྟོན་པའི་སྐབས་སུ། འདིར་ཕག་གི་རྟོགས་པ་བརྗོད་པ་དཔེར་བྱའོ།། ཞེས་གསུངས་པས། ཕག་ཏུ་སྐྱེ་བར་འགྱུར་བའི་ལྷའི་བུས་སྐྱབས་འགྲོ་བྱས་པས་དེར་མ་སྐྱེས་པ་ལྟ་བུ་སྟེ། སྐྱབས་འགྲོ་བྱས་པས་ངན་འགྲོའི་རྒྱུ་དག་པའི་ཕྱིར་རོ།། ཕག་གི་རྟོགས་པ་བརྗོད་པ་ལས་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་གཅིག་ལ་མེ་ཏོག་གི་རྒྱན་རྙིང་པ་ལ་སོགས་པའི་འཆི་ལྟས་བྱུང་ཞིང་ཤི་ནས་ཀྱང་རྒྱལ་པོའི་ཁབ་ཏུ་ཤ་ཟ་མོ་ཕག་མགོ་ཅན་གྱི་མངལ་དུ་སྐྱེ་བར་ཤེས་ནས། ཀྱེ་ཧུད་སུམ་ཅུ་རྩ་གསུམ་ཞེས་སྨྲེ་སྔགས་འདོན་ཞིང་སྡུག་བསྔལ་སྲན་མི་བཟོད་པ་འདུག་པ་བརྒྱ་བྱིན་གྱིས་མཐོང་ནས་དྲིས་པས་སྔར་གྱི་དེ་དག་བཤད་དོ།། དེ་ནས་བརྒྱ་བྱིན་སྙིང་རྗེ་ཆེན་པོ་སྐྱེས་ནས་ཐབས་གཞན་མེད་ཀྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་གྱིས་ཤིག་ཅེས་བསྒོ་ནས་དེ་ལྟར་བྱས་པས་ཤི་ནས་དགའ་ལྡན་དུ་སྐྱེས་སོ།། བརྒྱ་བྱིན་གྱིས་གང་དུ་སྐྱེས་པ་བལྟས་པས་སུམ་ཅུ་རྩ་གསུམ་མན་ཆད་ན་སྐྱེས་པ་མ་མཐོང་ཞིང་གོང་མ་མི་ཤེས་པ་ལུགས་ཡིན་པས་བཅོམ་ལྡན་འདས་ལ་གང་དུ་སྐྱེས་ཞུས་པས་དགའ་ལྡན་དུ་སྐྱེས་སོ་ཞེས་གསུངས་པ་དང་། བརྒྱ་བྱིན་ངོ་མཚར་སྐྱེས་ནས་གང་དག་སངས་རྒྱས་ཞེས་སོགས་ཀྱི་ཚིགས་བཅད་འདི་རྣམས་གསུངས་པ། གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །མི་ཡི་ལུས་ནི་སྤངས་ནས་སུ་།། དེ་དག་ལྷ་ཡི་ལུས་འཐོབ་བོ།། གང་དག་ཆོས་ལ་སྐྱབས་སོང་བ་ཞེས་སོགས་དང་། གང་དག་དགེ་འདུན་སྐྱབས་སོང་བ། ཞེས་ཆོས་དང་དགེ་འདུན་ལ་ཡང་དེ་ལྟར་གསུངས་སོ།། དེས་ན་སྔོན་བསགས་པའི་སྡིག་པ་ལ་ལ་ནི་བསྲབས་པར་འགྱུར་ལ། ལ་ལ་ནི་འཛད་པར་འགྱུར་རོ།།

tib.p. 15509

論源紀錄——

T32No.1636

西天譯經三藏朝散大夫試鴻臚少卿宣梵大師賜紫沙門臣日稱等奉 詔譯

《大乘集菩薩學論》卷第十二〈清淨品第八之三〉

故諸緣起中釋云。若能歸依佛者不墮惡道。捨此人身得生天趣。若法若僧亦同上說。

 下一

沒有留言:

張貼留言