2023/10/20

消文(2008/03/04)

2008/03/04初版;2014/02/27修訂(取消黑底白字樣式,增訂藏文,移除超連結)2020/01/10三版(變更字體;藏文改採泰式分散對齊,並嵌入ཏྲེ་ཧོར།四家注)

論之本文——p. 07513

是故經以多喻讚美,《大般涅槃經》云:「一切耕種之中,秋實第一,一切跡中,象跡第一,一切想中,無常死想是為第一,由是諸想能除三界一切貪欲無明我慢。」

p. 07602

tib.p. 10018

དེའི་ཕྱིར་དཔེ་དུ་མས་ཀྱང་བསྔགས་ཏེ། མྱ་ངན་ལས་འདས་པ་ཆེན་པོ་ལས། ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོག་མཆོག་གོ །རྗེས་ཐམས་ཅད་ཀྱི་ནང་ན་བ་ལང་གི་སྟེ་གླང་པོ་ཆེ་དང་བ་ལང་ལ་སྐད་དོད་ཐུན་མོང་བ་ཡོད་པས་གླང་པོ་ཆེ་ཡིན་ལ་དེའི་རྗེས་ཆེ་བས་མཆོག་གོ། ཅེས་པ་འདི་ལ་འཆད་ཚུལ་མང་དུ་སྣང་ཡང་འཐད་པའི་ཕྱོགས་ནི་བ་གླང་གི་ཁྱུ་མཆོག་ནི་ཅང་ཤེས་ཡིན་པས་ཕྱོགས་གང་དུ་ཕྱིན་ན་ཕྱོགས་དེར་འཇིགས་པ་དང་གཡང་ས་ལ་སོགས་པ་ཡོད་མེད་ཤེས་ནས་དེ་དག་མེད་ཅིང་གང་བདེ་བའི་ལམ་དུ་འགྲོ་བ་ཡིན་པས་དེས་སྣ་དྲངས་ནས་སོང་བའི་ཤུལ་དུ་རྗེས་བཙལ་ནས་ཕྱི་བཞིན་དུ་འགྲོ་བ་ལ་འཇིགས་པ་དང་འཕྲད་ལ་རྡུགས་པ་སོགས་འབྱུང་མི་སྲིད་པས་རྗེས་རྣམས་ཀྱི་མཆོག་ཡིན་པ་དེ་བཞིན་དུ་འཆི་བ་མི་རྟག་པ་དྲན་པའི་བློ་དེའི་རྗེས་སུ་འབྲངས་ཤིང་དེས་སྣ་དྲངས་པའི་བློ་སྣ་གང་སྐྱེས་ཀྱང་འཇིག་ཕྱི་མ་ཕན་ཆད་ལ་ཕན་པའི་ཐབས་སུ་འགྱུར་བ་ཤ་སྟག་འོངས་ཤིང་དེ་ལ་བརྟེན་ནས་ཁམས་གསུམ་གྱི་ཉོན་མོངས་རྣམས་ཀྱང་སྤོང་བར་འགྱུར་བ་ཡཡིན་ནོ། །ཞེས་སོ།། ཞེས་བཤད་དགོས་ཏེ། ཤིང་རྟས་ཆེན་པོ་ཐོགས་མེད་ཀྱི་རྣམ་གྲངས་བསྡུ་བ་ལས། གླང་པོ་ཆེའི་རྗེས་ནི་མི་སྡུག་པ་ལ་སོགས་པའི་འདུ་ཤེས་རྣམས་ཀྱི་ནང་ན་དམིགས་པ་རྒྱ་ཆེན་པོའི་ངོ་བོས་མཆོག་ཏུ་གྱུར་པའོ། །ཞེས་གསུངས་པའི་ཕྱིར། ཁྱུ་མཆོག་དང་ཤིང་རྟ་འདྲེན་པའི་བ་གླང་དུ་བཤད་པ་སོགས་མི་འཐད་དེ། དཔེ་དོན་མི་འགྲིག་པའི་ཕྱིར། འདུ་ཤེས་ཐམས་ཅད་ཀྱི་ནང་ནའང་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང་མ་རིག་པ་དང་ང་རྒྱལ་ཐམས་ཅད་སེལ་ལོ། །ཞེས་སོ།། དེ་བཞིན་དུ་ཉོན་མོངས་པ་དང་ཉེས་པར་སྤྱོད་པ་ཐམས་ཅད་ཅིག་ཅར་འཇོམས་པའི་ཐོ་བ་དང༌། དགེ་ལེགས་ཐམས་ཅད་ཅིག་ཅར་བསྒྲུབ་པ་ལ་འཇུག་པའི་སྒོ་ཆེན་པོར་གྱུར་པ་ལ་སོགས་པས་ཀྱང་བསྔགས་པའོ།།

tib.p. 10103

消文紀錄——

是故經以多喻讚美:因此,經典中有許多比喻讚美(修習念死)。

大般涅槃經:《大般涅槃經》說。大般涅槃經,請參考思考(2006/05/03)

一切耕種之中,秋實第一:在所有的耕種當中,秋季耕種實在是最重要的。消文者,依據北涼曇無讖譯《大般涅槃經》卷二:「世尊。譬如耕田秋耕為勝。如諸跡中象跡為勝。於諸想中。無常想為勝。」,其旨趣並非指秋收,而是秋耕,想必是意味著前行第一。

一切跡中,象跡第一:所有的足跡當中,以大象的足跡最重要。消文者,象跡固然大,但是以象之體重,若道不堅固,勢必深陷,故吾人尋象跡前進,應是最為安全之選擇。

一切想中,無常死想是為第一:所有的思惟當中,以念死無常最重要。

由是諸想能除三界一切貪欲無明我慢:因為藉由種種的無常死想,能夠遣除三界一切貪欲、無明與我慢。

我對這段本文理解——

宗大師引《大般涅槃經》所說,闡釋無常死想能除一切貪欲無明我慢。

前一則 下一則

沒有留言:

張貼留言