2023/10/28

論源(2008/06/01)

2008/06/01初版;2014/03/23修訂(重編版面,增訂藏文,移除超連結)2020/01/23四版(變更字體;並嵌入ཏྲེ་ཧོར།版四家注)

論之本文——p. 08901

《俱舍論》云:「人中五十歲,是欲界諸天,下者一日夜,上者俱倍增。」又云:「等活等六次,日夜與欲天,壽等故彼壽,數與欲天同,極熱半無間中劫。」

p. 08903

tib. p. 11906

མཛོད་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་རྒྱལ་ཆེན་རིགས་བཞི་པ་རྣམས་ཀྱི་ཉིན་ཞག་གཅིག །དེ་བསགས་པའི་རང་ལོ་ལྔ་བརྒྱ་དེའི་ཚེ་ཚད། སུམ་ཅུ་རྩ་གསུམ་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་འདོད་ལྷ་གོང་མ་གོང་མའི་ཞག་དང་ཚེ་ཚད་གཉིས་ཀ་འོག་མ་ལས་ཉིས་འགྱུར་རོ། །ཞེས་དང་། ཡང་སོས་ལ་སོགས་ཏེ་ཚ་བའི་བར་དྲུག་གི་ཞག་དང་ཚེ་ཚད་ནི་རིམ་བཞིན། །རྒྱལ་ཆེན་རིགས་བཞི་པའི་ཚེ་ཚད་ཧྲིལ་པོ་དེ་ཡང་སོས་པའི་ཞག་གཅིག་དེ་བསགས་པའི་རང་ལོ་ལྔ་བརྒྱ་ཡང་སོས་པའི་ཚེ་ཚད་ཡིན་པ་ནས་གཞན་འཕྲུལ་དབང་བྱེད་པའི་ཚེ་ཚད་ཧྲིལ་པོ་དེ་ཚ་བའི་ཞག་གཅིག དེ་བསགས་པའི་རང་ལོ་ཁྲི་དྲུག་སྟོང་ཚ་བའི་ཚེད་ཡིན་པའི་བར་འདོད་ལྷདྲུག་པོའི་ཚེ་ཚད་དང་ཚ་དམྱལ་དྲུག་གི་ཉིན་ཞག་རིམ་པ་བཞིན་དུ་མཉམཞིང་། །རྒྱུ་མཚན་དེས་ན་ཡང་སོས་ནས་ཚ་བའི་བར་གྱི་ཚ་དམྱལ་དྲུག་པོ་དེ་དག་རྣམས་ཀྱི་ཚེ། །ཚད་ཀྱི་ལོ་གྲངས་ཀྱི་མིང་འདོད་པའི་ལྷ་དྲུག་དང་འདྲ་བ་ཡིན། །འོན་ཀྱང་དོན་མི་འདྲ་སྟེ་འདོད་ལྷ་དྲུག་གི་ཚེ་ཚད་འོག་མ་ནས་ཡར་འགྲངས་པ་རྣམས་ཚ་དམྱལ་སྟེང་ནས་མར་འགྲངས་པ་དྲུག་ག་རིམ་པ་བཞིན་དུ་ཞག་རེ་རེར་བྱས་ཤིང་དེ་འདྲ་བསགས་པའི་ཚ་དམྱལ་དྲུག་གི་རང་ལོ་དང་འདོད་ལྷ་དྲུག་གི་རང་ལོའི་གྲངས་མིང་འདྲ་བ་ཙམ་ཡིན་གྱི་རྩོམ་གཞིའི་ཞག་ནི་ཁྱད་ཤིན་ཏུ་ཆེ་བའི་ཕྱིར། ཚ་དམྱལ་འོག་མ་གཉིས་ཀྱི་ཚེ་ཚེད་ནི། རབ་ཏུ་ཚ་བ་བར་བསྐལ་ཕྱེད་མནར་མེད་ཀྱི་ཚེ་ཚད་ནི། བར་གྱི་བསྐལ་པའོ།། ཞེས་གསུངས་ཏེ།

tib. p. 11910

論源分析——

《阿毘達磨俱舍論》卷十一〈分別世品第三之四〉

人間五十年,下天一晝夜,乘斯壽五百,上五倍倍增。

……

等活等上六,如次以欲天,壽為一晝夜,壽量亦同彼。極熱半中劫,無間中劫全。

前一則 下一則

沒有留言:

張貼留言