2023/10/28

論源(2008/06/06)

2008/06/06初版;2016/04/16修訂(重編版面,移除超連結,增訂藏文)2017/02/19三版(藏文嵌入ཏྲེ་ཧོར།版四家注)2020/01/24四版(變更字體)

論之本文——p. 08909

第三者,謂與此泥無間相鄰,有多利刀,仰刃為路,彼諸有情,為求舍宅,遊行至此。下足之時,皮肉筋血,悉皆刺截,舉足之時,復生如故。與此無間,有劍葉林,彼諸有情,為求舍宅,遊行至此,遂趣其陰,纔坐其下,眾多葉劍,從樹而落,斫截其身,一切支節。是諸有情,便即躃地,來諸釐狗,摣掣脊(月呂),而噉食之。從此無間,有鐵設拉末梨林,彼諸有情,為求舍宅,遊行至此,遂登其上,當登之時,諸刺向下,欲下之時,復迴向上,由是貫刺一切支節。次有大烏名曰鐵觜,上彼頭頂,或上其膊,探啄眼睛而噉食之。是等同是刀劍苦害,故合為一。

p. 09001

tib. p. 12001

གསུམ་པ་ནི། འདམ་དེ་དང་འདབས་ཆགས་པ་ན་སྤུ་གྲིའི་སོ་གཏམས་པའི་ལམ་ཡོད་དེ། སེམས་ཅན་གནས་འཚོལ་བ་དག་དེར་སོང་བ་དང་རྐང་པ་བཞག་ན་ནི་པགས་པ་དང་ཤ་དང་ཁྲག་ཀུན་གཅོད་ལ་བཏེག་ན་དེ་དག་སླར་སྐྱེའོ།། དེ་དང་འདབ་ཆགས་པ་ནགས་ཚལ་རལ་གྲི་ལོ་མ་ཅན་ཡོད་དེ། སེམས་ཅན་གནས་འཚོལ་བ་དེ་དག་དེར་སོང་སྟེ་དེའི་གྲིབ་མ་ལ་བརྟེན་ཅིང་འཁོད་པ་ན་ཤིང་ལས་རལ་གྲི་ལྷགས་ཏེ། དེ་དག་གིས་ཡན་ལག་དང་ཉིང་ལག་འབིགས་ཤིང་རྣམ་པར་གཤེག་གོ། དེ་དག་དེར་འགྱེལ་བ་ན་ཁྱི་སྲེ་བོ་དག་འོངས་ནས་རྒྱབ་བཤུལ་ནས་འཐོག་ཅིང་ཟའོ།། སྤྱིར་ཤིང་ཤལ་མ་ལིའི་ཚལ་ཞེས་པ་མཚོ་མ་དྲོས་པའི་འགྲམ་ན་ཡོད་ཅིང་ དེ་ལ་ཁྱུང་རིགས་བཞི་གནས་པར་ཡང་བཤད་དོ།། འདི་ནི་རལ་གྲིའི་ནགས་ཚལ་དེ་དང་འདབས་ཆགས་པ་ན་ལྕགས་ཀྱི་ཤིང་ཤ་མ་ལིའི་འཇིག་རྟེན་གདགས་པ་ལས་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན་ཤིང་ལྗོན་པ་ཆེན་པོ་བཞི་སྟོང་ཡོད་དེ། འཛམ་བུ་གླིང་པའི་འཛམ་བུའི་ཤིང་ལྗོན་པ་སྟོང་དང་། རྒྱ་མཚོའི་འགྲམ་གྱི་ཤལ་མ་ལི་མཐོན་པོ་སྟོང་དང་། ལྷ་མ་ཡིན་གྱི་རིས་ཀྱི་ཙིད་ཏྲ་པར་ལི་སྟོང་དང་། སུམ་ཅུ་རྩ་གསུམ་པའི་ས་བརྡོལ་སྟོང་ངོ་ཞེས་ཤིང་སྡོང་ཆེན་པོ་བཞི་སྟོང་ཡོད་པར་བཤད་ཅིང་འཇིག་རྟེན་གྱི་ཁམས་དེ་ན་ཀླུའི་རིགས་སྒོང་སྐྱེས་སོགས་བཞི་སྟོང་དང་ཁྱུང་གི་རིགས་སྒོང་སྐྱེས་སོགས་བཞི་སྟོང་ཡོད་ལ་ཁྱུང་བཞི་སྟོང་ཤལ་མ་ལི་མཐོན་པོ་བཞི་སྟོང་ལ་གནས་ནས་ཁྱུང་སྒོང་སྐྱེས་ཀྱིས་ཀླུ་སྒོང་སྐྱེས་བཟའ་བར་བྱེད་ཅིང་གཞན་གསུམ་མི་ཟ། ཁྱུང་མངལ་སྐྱེས་ཀྱིས་ཀླུ་སྒོང་སྐྱེས་དང་མངལ་སྐྱེས་ཟ་ཞིང་གཞན་གཉིས་མི་ཟ་བ་དང་། ཁྱུང་དྲོད་གཤེར་སྐྱེས་ཀྱིས་ཀླུ་སྒོང་སྐྱེས་མངལ་སྐྱེས་དྲོད་གཤེར་སྐྱེས་གསུམ་ཟ་ཞིང་། རྫུས་སྐྱེས་བཟའ་བར་མི་བྱེད་པ་དང་། ཁྱུང་རྫུས་སྐྱེས་ཀྱིས་ཀླུ་རིགས་བཞི་ག་ཟ་བར་བཤད་ཅིང་། དགའ་བོ་ཉེར་དགའ་སོགས་ཀླུ་ཆེན་བརྒྱད་ལྟ་བུ་བསྐལ་པར་གནཤ་པའི་ཀླུ་རྒྱལ་རྣམས་ནི་ཁྱུང་རིགས་བཞི་གང་གིས་ཀྱང་ཟ་མི་ནུས་པར་ཡང་གདགས་པ་ལས་གསུངས་སོ།། ཚལ་ཡོད་དེ་སེམས་ཅན་གནས་འཚོལ་བ་དེ་དག་དེར་སོང་བ་དང་དེ་ལ་འཛེག་ཏུ་འཇུག་སྟེ་འཛེགས་པའི་ཚེ་ནི་ཚེར་མ་རྣམས་ཀྱི་ཁ་ཐུར་དུ་བལྟ་ལ། འབབ་པའི་ཚེ་ནི་ཁ་གྱེན་དུ་བལྟ་བ་དེ་དག་གིས་ཡན་ལག་དང་ཉིང་ལག་རྣམས་འབིགས་ཤིང་གཤེག་པར་བྱེད་དོ།། དེ་ན་ཁྭ་ལྕགས་ཀྱི་མཆུ་ཅན་བྱ་བ་ཡོད་པས་དེས་ཕྲག་པའམ་མགོ་བོ་ལ་བསྡད་ནས་མིག་འབྲས་འཐོག་ཅིང་ཟའོ།། དེ་དག་ནི་མཚོན་ཆའི་གནོད་པ་འབབ་པར་འདྲ་བས་གཅིག་ཏུ་བྱའོ།།

tib. p. 12013

論源分析——

《瑜伽師地論》卷四〈本地分中有尋有伺等三地之一〉

次屍糞埿無間有利刀劍。仰刃為路。彼諸有情為求舍宅。從彼出已遊行至此。下足之時皮肉筋血悉皆消爛。舉足之時還復如故。次刀劍刃路無間有刃葉林。彼諸有情為求舍宅。從彼出已往趣彼蔭纔坐其下微風遂起刃葉墮落。斫截其身一切支節。便即躄地有黑釐狗。摣掣脊(月呂)而噉食之。從此刃葉林無間有鐵設拉末梨林。彼諸有情為求舍宅。便來趣之遂登其上。當登之時一切刺鋒悉迴向下。欲下之時一切刺鋒復迴向上。由此因緣貫刺其身遍諸支節。爾時便有鐵觜大烏。上彼頭上或上其髆。探啄眼睛而噉食之

分析者按:

這段本文之最後一句是等同是刀劍苦害,故合為一。未見於〈本地分〉中,許是宗大師特為利刀道等之闡釋。

前一則 下一則

沒有留言:

張貼留言