2023/10/07

論源(2007/10/10)

2007/10/10 初版;2014/08/04 修訂(重編版面,增訂藏文,移除超連結)2019/12/16 三版(變更字體;藏文改採泰式分散對齊,並嵌入ཏྲེ་ཧོར།版四家注)

論之本文——p. 05201

起想有三,初者謂一切種,其心不應為睡所蔽,應以精進所攝之心,驚懾而眠,猶如傷鹿,由此睡眠,不甚沉重,不越起時,而能醒覺。二者謂作是念,我今應修, 佛所開許悎寤瑜伽,為修此故,應大勵力,引發欲樂。由是能依佛所開許獅子臥式眠無增減。三者謂應作是思,如我今日勤修悎寤,及諸善法,明日亦應如是勤修, 由是,於善欲樂相續,雖忘念中亦能精勤修上上品。

p. 05205

tib.p. 06807

བཞི་པ་ལྡང་བའི་འདུ་ཤེས་ནི་གསུམ་ལས། དང་པོ་དུས་ལས་མི་ཡོལ་བར་ལྡང་བའི་འདུ་ཤེས་ནི། རྣམ་པ་ཐམས་ཅད་དུ་གཉིད་ཀྱིས་ནོན་པ་ལ་སེམས་གཞོལ་བར་མི་བྱེད་པར་བརྩོན་འགྲུས་ཀྱིས་ཟིན་པའི་སེམས་ཀྱིས་རི་དྭགས་བཞིན་དུ་ཐུམ་ཕྲས་ཀྱིས་ཉལ་བའོ།། དེས་ནི་གཉིད་མི་འཐུག་ཅིང་ལྡང་བའི་དུས་ལས་མི་ཡོལ་བར་སད་པར་ནུས་སོ།། གཉིས་པ་སངས་རྒྱས་ཀྱིས་གནང་བའི་ཉལ་བ་བསྒྲུབ་པའི་འདུ་ཤེས་ནི། ཀྱེ་མ་བདག་གིས་སངས་རྒྱས་ཀྱིས་གནང་བའི་ཉལ་ལྟངས་རྣམ་པ་ཐམས་ཅད་དུ་སྒྲུབ་པར་བྱའོ།། ཞེས་བཤད་ན་འོག་ཏུ་དེས་ནི་སངས་རྒྱས་ཀྱིས་གནང་བའི་སེངྒེའི་ཉལ་སྟངས་ལས་ལྷག་ཆད་མེད་པར་ཉལ་ལོ་ཞེས་པ་དང་འགྲེལ་ལམ་གསུངས་སངས་རྒྱས་ཀྱིས་གནང་བའི་མི་ཉལ་བ་ཐམས་ཅད་དུ་བསྒྲུབ་པར་བྱའོ་སྙམ་ནས་དེ་བསྒྲུབ་པའི་ཕྱིར་དུ་འབད་པ་ཆེན་པོས་འདུན་པ་བསྐྱེད་པའོ།། དེས་ནི་སངས་རྒྱས་ཀྱིས་གནང་བའི་སེངྒེ་ཉལ་སྟངས་ལས་ལྷག་ཆད་མེད་པར་ཉལ་ལོ།། གསུམ་པ་དགེ་བ་ལ་བརྩོན་པ་མི་འདོར་བའི་འདུ་ཤེས་ནི། ཇི་ལྟར་བདག་གིས་དེང་མི་ཉལ་བ་དང་དགེ་བའི་ཆོས་རྣམས་བརྩོན་པས་བསྒྲུབ་པ་ལྟར་སང་ཡང་དེ་ལྟར་བྱའོ་སྙམ་དུ་སེམས་པའོ།། དེས་ནི་དགེ་བ་ལ་འདུན་པ་རྒྱུན་མི་འཆད་པར་བྱེད་དེ་བརྗེད་ངས་ནའང་གོང་ནས་གོང་དུ་བསྒྲུབ་པའི་ཕྱིར་བརྩོན་པར་བྱེད་དོ།།

tib.p. 06816

論源分析——

《瑜伽師地論》卷二十四〈本地分中聲聞地第十三初瑜伽處出離地第三之三〉:

云何名為思惟起想巧便而臥。謂以精進策勵其心。然後寢臥。於寢臥時時時覺寤。如林野鹿不應一切縱放其心。隨順趣向臨入睡眠。復作是念。我今應於諸佛所許覺 寤瑜伽。一切皆當具足成辦。為成辦故。應住精勤最極濃厚加行欲樂。復作是念。我今為修覺寤瑜伽。應正發起勤精進住。為欲修習諸善法故。應正翹勤離諸嬾墮起 發具足。過今夜分至明清旦。倍增發起勤精進住起發具足。當知此中由第一思惟起想。無重睡眠。於應起時速疾能起終不過時。方乃覺寤。由第二思惟起想。能於諸 佛共所聽許師子王臥。如法而臥無增無減。由第三思惟起想。令善欲樂常無懈廢。雖有失念而能後後展轉受學令無斷絕。如是名為思惟起想巧便而臥。

前一則 下一則

沒有留言:

張貼留言