2008/08/05初版;2016/06/13修訂(重編版面,移除超連結,增訂藏文);2020/02/14三版(變更字體;藏文改採泰式分散對齊,並嵌入ཏྲེ་ཧོར།版四家注)
論之本文——p. 09902
如《百五十頌》云:「若誰一切過,畢竟皆永無,若是一切種,一切德依處。設是有心者,即應歸依此,讚此恭敬此,應住其聖教。」謂若有一,能辨是依非依慧者,理應歸依,無欺歸處佛薄伽梵。由此亦表法及僧寶。如《歸依七十頌》云:「佛法及僧伽,是求脫者依。」
p. 09904
tib. p. 13213
སྤེལ་བབཞི་བསྟོད་པ་བརྒྱ་ལྔ་བཅ་པ་ལས། བསྔར་དྲིས་པའི་ལན་གྱི་ཚུལ་ནི། སྐྱབས་གང་ཞིག་ལ་ནི་ཉེས་པ་བབག་ཆགས་དང་བཅས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང་། །བདེ་ལྟ་བུའི་སྐྱབས་གང་ལ་བཡུལ་དུས་རང་བཞིན་རྣམ་པ་ཐམས་ཅད་དུ། །ཡོན་ཏན་བཕྱོགས་རེ་བ་མ་ཡིན་པར་རིགས་ཐམས་ཅད་གནས་བཔའམ་ལྡན་པར་གྱུར་པ། །བདེ་ལྟ་བུ་ཞིག་གང་ལ་འདུག་ནའང་སྔར་འཁོར་བའི་རྒྱ་མཚོ་ལས་སྐྱོབ་པའི་སྐྱབས་འཚོལ་བར་འདོད་པའི་གང་ཟག་དེ་ལྟ་བུ་དག་ལ་བླང་དོར་ལ་དཔྱོད་པའི་གལ་ཏེ་སེམས་ཤིག་ཡོད་ན་ནི། །བདེ་ལྟ་བུའི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་དེ་ཉིད་ལ་ནི་སྐྱབས་བསུ་འགྲོ་ཞིང་། །དེ་བཡི་ཡོན་ཏན་བརྗོད་པའི་བསྟོད་བཔ་དང་སྐྱབས་དེ་ནི་བཟང་ཟིང་ལུས་ངག་བསྒྲུབ་པའི་སྒོ་ནས་བསྟཉེན་བཀུར་བ་དང་། །བསྐྱབས་དེ་ཡི་བལུང་རྟོགས་ཀྱི་བསྟན་བཔ་ལ་ཐོས་བསམ་བསྒོམ་གསུམ་གྱིས་རིམ་གྱིས་ཞུགས་ནས་གནས་པའི་རིགས་བསོ།། ཞེས་མིང་དོན་གྱི་འབྲེལ་བ་གསལ་པོར་མ་སྦྱར་བར་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་དེ་སྐྱབས་སུ་འོས་ཞེས་གསུངས་པ་ལྟར། སྐྱབས་དང་སྐྱབས་མ་ཡིན་པ་བགང་ཡིན་འབྱེད་པའི་བློའི་བམཐུ་ཞིག་ཡོད་ན་ནི་བལེགས་པར་བརྟགས་པའི་ཚེ་བསླུ་བ་མེད་པའི་སྐྱབས་སངས་རྒྱས་བཅོམ་ལྡན་འདས་བཉིད་དུ་མཐོང་ནས་དེ་ལ་སྐྱབས་སུ་འགྲོ་བར་རིགས་སོ།། བརྩ་འགྲེལ་འདི་དག་གིས་ནི་སྐྱབས་སུ་འོས་པ་དེ་འདྲ་རྙེད་ནས་སྐྱབས་སུ་མི་འགྲོ་ན་སེམས་མེད་པ་ཡིན་ནོ་ཞེས་བསྟན། དེ་ཡང་སྔར་བཤད་པ་ལྟར་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་དེ་ལྟ་བུ་གང་ལ་འདུག་པ་དེ་གཏན་གྱི་སྐྱབས་སུ་འོས་ཤིང་དེ་ལེགས་པར་བརྟགས་ན་སངས་རྒྱས་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་པའི་ཕྱིར་རོ། །སངས་རྒྱས་གཏན་གྱི་སྐྱབས་སུའོས་པར་བསྟན་པ་དེས་ནི་ཆོས་དང་དགེ་འདུན་དཀོན་མཆོག་ཀྱང་མཚོན་པ་ཡིན་ཏེ། བམཚོན་ཚུལ་འོག་ཏུ་ཆོས་དང་དགེ་འདུན་གྱི་ཡོན་ཏན་འཆད་པའི་སྐབས་སུ་འབྱུང་བ་དེ་ཉིད་སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་བཏེ་དཀོན་མཆོག་གསུམ་པོ་འདི་ནི། །ཐར་པ་བཐོབ་པར་འདོད་པ་རྣམས་ཀྱི་བགཏན་གྱི་སྐྱབས་བསུ་འོས། །ཞེས་བདཀོན་མཆོག་གསུམ་གྱི་མིང་དོན་འབྲེལ་པ་གསལ་པོར་སྦྱར་ནས་གསུངས་པ་ལྟར་རོ།།
tib. p. 13220
論源紀錄——
T32 No. 1680
《一百五十讚佛頌》
梵語 शत पंचासत्क नाम स्तोत्र (Śata-pañcāsatka-nāma-stotra)
尊者摩咥里制吒मातृचेट (Mātṛceṭa)造
大唐沙門義淨於那爛陀寺譯
1.世尊最殊勝 善斷諸惑種 無量勝功德 總集如來身
2.唯佛可歸依 可讚可承事 如理思惟者 宜應住此教
《歸依七十頌》
{त्रिशरण गमनसप्तति (Triśaraṇa-gamanasaptati); སྐྱབས་འགྲོ་བདུན་ཅུ་པ}
造者月稱菩薩,梵名चन्द्रकीर्ति (Candrakīrti)
Pending…
前一則 下一則
沒有留言:
張貼留言