2011/01/01

消文(2011/01/01)

2011/01/01初版;2015/05/26修訂(重編版面,移除超連結)2020/05/17三版(變更字體,藏文改採泰式分散對齊,並嵌入ཏྲེ་ཧོར།四家注)


論之本文——p. 19803


善知識敦巴云:「有一類人依律毀咒,依咒輕律,除我尊長教授,無餘能使調伏為咒助伴,及令密咒為調伏伴。」


p. 19805


tib. p. 27501


དགེ་བཤེས་སྟོན་པའི་ཞལ་ནས་ཀྱང་། ཚན་ཅིག་གིས་འདུལ་བ་ལ་བརྟེན་ནས་སྔགས་ཀྱི་ཉམས་ལེན་ཅ་འབྱིད། སྔགས་ལ་བརྟེན་ནས་འདུལ་བའི་བཅས་མཚམས་ཅ་འབྱིད་དེ། འདུལ་བ་སྔགས་ཀྱི་གྲོགས། སྔགས་འདུལ་བའི་གྲོགས་སུ་སོང་བ་ངའི་བླ་མའི་བཀའ་བརྒྱུད་མིན་པ་མེད་གསུང་བ་དང་། དགེ་བཤེས་སྟོན་པས་ཁ་ཅིག་གིས་འདུལ་བའི་ཕྱོགས་བཟུང་ནས་སྔགས་ལ་མི་གུས། ཚན་ཞིག་གིས་སྔགས་ཀྱི་ཕྱོགས་བཟུང་ནས་འདུལ་བ་ལ་ཐེག་དམན་ཞེས་བསྐུར་འདེབས། དེ་གཉིས་གཅིག་གྲོགས་སུ་གཅིག་སོང་བ་ངའི་བླ་མའི་བཀའ་བརྒྱུད་མིན་པ་མེད་གསུངས། དེ་གཉིས་གཅིག་གྲོགས་སུ་གཅིག་སོང་བ་དགོས་པ་ཡང་ཡིན་ཏེ། འདུལ་བ་སྔགས་ཀྱི་གྲོགས་སུ་དགོས་ཚུལ་ཡང་སྔར་གསང་སྔགས་འགྲུབ་པ་ལ་ཚུལ་ཁྲིམས་དགོས་པར་གསུངས་པ་རྣམས་ཀྱིས་འགྲུབ་ལ། གསང་སྔགས་འདུལ་བའི་གྲོགས་སུ་དགོས་པ་ནི། དགེ་སློང་རྡོ་རྗེ་འཛིན་པ་ལྟ་བུས་ཕྱི་དྲོའི་ཁ་ཟས་ཟོས་ན་འདུལ་བ་རྐྱང་པ་ཡིན་ན་ལྟུང་བྱེད་ཙམ་ལས་མིན་ཡང་། སྔགས་ལས་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་དུ་གསུངས་པས། སྔགས་ལ་མ་ཞུགས་པའི་དགེ་སློང་ལས་སྔགས་ལ་ཞུགས་པའི་དགེ་སློང་དེས་ཆེས་འཛེམ་དགོས་པ་ལྟ་བུ་ཡིན་གསུངས། དེ་ཡང་གསུང་འདི་དང་སྔར་ཡང་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱི་ཁྱེར་ཤེས་པ་ངའི་བླ་མ་ཞེས་གསུངས་པ་གནད་གཅིག་ཅིང་། དེ་དག་གི་དོན་དང་འོག་ཏུ་གནང་བཀག་མི་འགལ་བར་ཤེས་པ་ཤེས་རབ་ཀྱི་ཕན་ཡོན་དུ་གསུངས་པ་རྣམས་ཀྱི་དོན་ནི། ཁྱོད་བཀའ་ལ་ལར་གཅིག་ཏུ་ངེས་ཞེས་སྔགས་དང་འདུལ་བ་གཉིས་ཀར་བཀག་པར་འདྲ་བ་ཞིག་དང་། གཉིས་ཀ་ནས་གནང་བར་འདྲ་བ་ཞིག་དང་ཚུལ་གཉིས་འབྱུང་བ་ནི་ཤེས་སླ་ལ། ཡང་གཅིག་ལས་བཀག་པ་དེ་གཅིག་ཤོས་ལས་གནང་བ་ལྟ་བུ་རྣམས་ཇི་ལྟར་ཡིན་ཞེ་ན། འདུལ་བ་ནས་བཀག་ཅིང་སྔགས་ནས་གནང་བ་ཕལ་ཆེ་བ་ནི་འདུལ་བ་ལས་གཞན་དོན་གྱི་དགོས་པ་རྒྱ་ཆེན་པོ་མེད་པ་དང་། བདེ་སྟོང་དབྱེར་མེད་ཀྱི་རྫོགས་རིམ་གྱི་རྟོག་པ་མཐོན་པོ་ལ་མ་སླེབ་པའི་གདུལ་བྱ་ཤས་ཆེ་བས། དེ་འདྲ་བའི་གང་ཟག་གི་དབང་དུ་མཛད་ནས་བཀག་ཅིང་། དེ་ལ་ནི་སྔགས་ལས་ཀྱང་མ་གནང་ལ། དགོས་པ་དེ་གཉིས་ཡོད་པའི་གང་ཟག་བྱེ་བྲག་པ་རྣམས་ལ་སྔགས་ལས་གནང་བ་ཡིན་ལ། དེ་དག་གིས་འདོད་ཡོན་སོགས་ལ་སྤཡད་ཀྱང་ཉེས་པ་མེད་པ་ནི་འདུལ་བའི་ཡང་དགོངས་པ་ཡིན་ལ། དེ་དག་དང་མི་ལྡན་པས་སྤྱད་ན་ཉེས་པར་འགྱུར་བའི་སྔགས་ཀྱི་ཡང་དགོངས་པ་ཡིན་པས་འགལ་བ་ཅུང་ཟད་ཀྱང་མེད་དོ།།


tib. p. 27503


消文紀錄——


善知識敦巴云:敦巴尊者說。敦巴,請參考列傳(2007/06/04)


有一類人依律毀咒,依咒輕律:有一種人修習戒律,卻毀謗密法;還有一種人是修習密法,卻毀謗戒律。


除我尊長教授,無餘能使調伏為咒助伴:除了我上師的教授之外,沒有其他的教授可以使戒律成為修密法的助伴。消文者按,「我尊長」即阿底峽尊者。


及令密咒為調伏伴:以及(也沒有其他教授可以)使密法成為戒律的助伴。


我對這段本文之理解——


這段本文引敦巴尊者所說,宣揚唯有其師承教授,既能使調伏為咒助伴,又能令密咒為調伏之助伴。


前一則 下一則


沒有留言:

張貼留言