2011/02/20初版;2014/08/25修訂(取消黑底白字樣式);2020/06/02三版(變更字體,藏文改採泰式分散對齊,並嵌入ཏྲེ་ཧོར།版四家注)
論之本文——p. 20403
是故能生自他一切利樂本源,能除一切衰惱妙藥,一切智士所行大路,見聞念觸,悉能長益一切眾生,由行利他兼成自利,無所缺少具足廣大善權方便。
p. 20405
tib. p. 28303
ཇལྔ་པ་རང་གཞན་ཐམས་ཅད་ཀྱི་ལེགས་པའི་འབྱུང་གནས་མཐོང་ཐོས་དྲན་རེག་ཐམས་ཅད་འདྲེན་པའི་ལམ་ལ་འཇུག་པ་ནི་བདག་གི་རྙེད་པ་ཆེན་པོར་བསམ་པ་ནི། བསྔར་བཤད་པ་ལྟར། དེའི་ཕྱིར་རང་བདང་གཞན་གྱི་ལེགས་པ་ཐམས་ཅད་ཀྱི་འབྱུང་བབའི་གནས། རྒུད་པཇའི་ནད་ཐམས་ཅད་སེལ་བའི་སྨན། བབློ་ཆེན་མཁས་པའི་སྐྱེ་བོ་ཀུན་གྱིས་བབླ་ན་མེད་པའི་བྱང་ཆུབ་ཏུ་བགྲོད་པ་བགཅིག་པའི་ལམ་ཆེན་པོ། བམིག་གིས་མཐོང་བདང་བརྣ་བས་ཐོས་པ་དང་བཡིད་ལ་དྲན་པ་དང་བལུས་ཀྱིས་རེག་པས་ཀྱང་འགྲོ་བ་ཀུན་གྱི་བཕན་བདེའི་གསོས་སུ་འགྱུར་བ། ངརྒྱལ་སྲས་ཞི་བ་ལྷས། མང་དུ་བཤད་ལྟ་ཅི་ཞིག་དགོས།། བྱིས་པ་རང་གི་དོན་བྱེད་དང་། ཐུབ་པ་གཞན་གྱི་དོན་མཛད་པ། འདི་ཉིད་ཀྱི་ནི་ཁྱད་པར་ལྟོས། །ཞེས་དང་། སྐྱེས་རབས་ལས། རང་དོན་བརྩོན་པས་གཞན་དོན་བརྩོན་པ་གང་ཡིན་པའི། །ཡོན་ཏན་བསྒྲུབ་པ་བཟང་པོའི་རྗེས་སུ་མཐུན་མ་གྱུར། །ཐབས་ཅད་མཁྱེན་ཅེས་བརྗོད་པ་མ་ནོར་གསལ་བར་གྲགས།། མཉམ་མེད་དེ་དང་ཆོས་དང་དགེ་འདུན་སྤྱི་བོས་མཆོད། །ཅེས་གསུངས་པ་ལྟར། རང་དོན་བརྩོན་པ་ཉན་རང་གིས་གཞན་དོན་ཙམ་བྱས་ཀྱང་། གཞན་དོན་བརྩོན་པ་བ྅ཡང་སེམས་ཀྱིས་གཞན་དོན་འབའ་ཞིག་བསྒྲུབ་པས་གཞན་དོན་གྱི་ཡོན་ཏན་བསྒྲུབ་པ་ལ་སྔ་མས་ཕྱི་མའི་རྗེས་སུ་མཐུན་པ་ཙམ་ཡང་འགྲུབ་པར་མ་གྱུར་པར་མ་ཟད། སྔ་མས་རང་དོན་འབའ་ཞིག་བསྒྲུབས། ཕྱི་མས་རང་དོན་གཏན་ནས་མ་བསྒྲུབས་པས། རང་དོན་གྱི་ངོས་ནས་སྔ་མས་ལྷག་པར་འགྲུབ་དགོས་པ་ལས། རང་དོན་གྱི་ཆ་ནས་ཀྱང་སྔ་མས་ཕྱི་མའི་རྗེས་སུ་མཐུན་པ་ཙམ་ཡང་འགྲུབ། དེས་ན་གཞན་དོན་བརྩོན་པ་བདག་ཅག་གི་སྟོན་པ་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་རང་དོན་གྱི་འཁྲི་བ་ཅུང་ཟད་མེད་པར་གཞན་དོན་ཁོ་ན་མཛད་པ་སྟེ། རང་དོན་ཆོས་སྐུའི་སྒྲུབ་བྱེད་དུ་སོང་ནས་དོན་གཉིས་མཐར་ཕྱིན་པར་གྱུར་པས་སྔོན་སློབ་པ་ལམ་གྱི་གནས་སྐབས་ནས་བླང་དོར་གྱི་གནས་མ་ནོར་བ་དེ་ལྟ་བུ་མཁྱེན་པས། སངས་རྒྱས་པའི་ཚེ་ན་དེ་ལ་ཐམས་ཅད་མཁྱེན་པ་ཞེས་པའི་སྒྲས་བརྗོད་པ་མ་ནོར་ཞིང་དོན་དང་མཐུན་པ་ལྟ་ཅི་སྨོས། ཞེས་སོ།། གཞན་གྱི་དོན་དུ་ཞུགས་པས་རང་གི་དོན་མཚང་བ་མེད་པར་ཞར་ལ་འགྲུབ་པའི་ཐབས་མཁས་པ་ཆེན་པོ་དང་ལྡན་པའི་ཐེག་པ་ཆེན་པོ་ལ་འཇུག་ཏུ་ཡོད་པ་ནི།
tib. p. 28307
消文紀錄——
是故能生自他一切利樂本源:因此(大乘是)能生自他一切利樂的本源。
能除一切衰惱妙藥:(大乘是)能斷除一切衰惱的妙藥。
一切智士所行大路:(大乘是)一切智士所行的大路。
見聞念觸,悉能長益一切眾生:(故諸大士之)見、聞、念、觸等全都能夠長時饒益一切眾生。
由行利他兼成自利:所以成就利他,也兼能成就自利。
無所缺少具足廣大善權方便:具足廣大之善巧方便,無所缺少。
我對這段本文之理解——
這段本文揭示大乘功德。
沒有留言:
張貼留言