2009/08/11

消文(2009/08/11)

2009/08/11初版;2020/03/01修訂(重編版面,移除超連結,增訂藏文採泰式分散對齊,並嵌入ཏྲེ་ཧོར།四家注)


論之本文——p. 14304


《集法句》云:「若愚思為智,說彼為愚痴。」故其極下,亦莫思為於法已解。


p. 14305


tib. p. 19315


ཉི་ཤུ་རྩ་ལྔ་པ་མཛའ་བཤེས་ཀྱི་ཚོམས་ལས། བྱིས་པ་གང་ཞིག་ཆོས་དང་མི་མཐུན་པའི་ཐ་མལ་པ་ཡིན་བཞིན་དུ་བདག་ནི་མཁས་པའོ་སྙམ་དུ་སེམས་པ། །དེ་ནི་བྱིས་པའི་ནང་གི་ཐ་ཤལཞེས་བརྗོད་དོ། །ཞེས་གསུངས་པས། མ་ཐ་ནའང་ཆོས་ལ་རང་གི་ཤེས་རྒྱུད་ཆོས་དང་མཐུན་མི་མཐུན་ལེགས་པར་ཤེས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་རང་མཁས་པ་མ་ཡིན་པ་ལ་མཁས་པར་རེ་བའི་ཤེད་དབྱེ་སྟེ་བློ་བྱང་བར་སོམ་མམ་བརྡ་དོན་བྱང་བར་སོམ་ཞེས་པའི་དོན་ཡིན་ཏེ། འདིའི་ཤེད་ཅེས་པ་ཡིད་ཡིན་པའི་ཕྱིར། དཔེར་ན་ཤེད་ལས་སྐྱེས་དང་ཤེད་བདག་གི་ཤེད་བཞིན་ཡིན་པས་སོ།། བྱེ་བྲག་རྟོགས་བྱེད་ལས། མ་ནས་ཤེས་ཅན་དང་། མ་ནུ་ཛ་ཤེས་སྐྱེས་སམ་ཤེད་བུ་རང་ཉིད་དང་བམ་གཉིས་ལས་ཀྱང་། དེ་ལྟར་རང་ཉིད་དང་མན་ཡིད་ཀྱི་སྐད་དོད་ཡིན་པར་བཤད། བསྐལ་བ་དང་པོའི་མི་བླུན་ལ་ཅང་མི་ཤེས་པས་ན་སེམས་ཅན་སོགས་དང་། དེ་བློ་གསལ་བས་ཤེད་ཅན་ནས་ཤེད་བུའི་བར་བཏགས་པར་བདགས་པ་དང་། ལུང་ལས་བཤད་པའི་ཕྱིར་དང་། སའི་དངོས་གཞིར་བྱིས་པ་ཤེད་མ་བྱེ་པས་ཞེས་བརྡའ་མི་ཤེས་པ་ལ་བཤད་ཅིང་། སའི་དངོས་གཞི་ཡིད་ཀྱི་ས་ལས། ཡུན་རིང་པོ་ནས་བྱིས་པ་རྣམས་ཀྱིས་བཅོས་ཤིང་བསྲུང་ལ་བདག་གིར་བཟུང་སྟེ། བདག་དང་བདག་གིའོ་སྙམ་ནས་སེམས་ཅན་ནས་ཤེད་བུའི་བར་མིང་བཏགས་པས་ན་ཡིད་དང་ཞེས་བཤད་པའི་ཕྱིར་རོ།། དེས་ན་ཆོས་ལ་བརྡའ་དོན་ཕྱེད་པར་སོམ་ཞེས་པའི་དོན་ཡིན་ཏེ། མཁས་གྲུབ་ཐམས་ཅད་མཁྱེན་པས། ཚིག་སྤྱི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས་ཞེས་སོ།། སོམ་གཞིག་ཅེས་པ་འདི་རྩ་བའི་པར་ཡིག་ལ་སོ་དང་མ་གཉིས་ཀྱི་བར་དུ་ཚེག་མེད་པའི་དབང་དུ་བྱས་ནས་བཤད་པ་གཅིག་དང་། སོ་དང་མ་གཉིས་ཀྱི་བར་དུ་ཚེག་ཡོད་པའི་དབང་དུ་བྱས་པའི་བཤད་སྲོལ་གཅིག་དང་བཅས་མི་མཐུན་པ་གཉིས་ཡོད་ཀྱང་མཆན་བུ་འགོད་ལུགས་འདི་ཕྱི་མའི་དབང་དུ་བྱས་པ་ཡིན་ཅིང་། དེ་ཡང་ཤེད་དབྱེ་སོ་ཞེས་པ་ཤེད་ཆེ་བ་དང་། མ་གཞིག་ཅེས་པ་མ་གསམ་ཞེས་པའམ་མ་བྱེད་ཅེས་པའི་དོན་ཡིན་པས། དེ་ལྟར་ནའང་ཆོས་ལ་ཤེད་ཆེ་མ་བྱེད་ཅེས་པའི་དོན་ཡིན་གསུང་། ཡང་སོམ་ཞེས་པའི་འབྲུ་མཛད་ནས་ལུགས་འདིའི་བླ་མ་སྔ་མ་དག་སོམ་གཞིག་ཅེས་འདོན། བདག་གི་བླ་མ་དམ་པ་ནི་ཆོས་ལ་ཤེད་དབྱེ་སོ་མ་གཞིག་གསུངས་ཞེས་སྟོན་ནས། ཤེད་དབྱེ་སོ་ཞེས་པ་ཤེད་ཆེ་དང་། མ་གཞིག་ཅེས་པ་མ་བསམས་པ་སྟེ། ཆོས་ལ་ཤེད་ཆེམ་བསམས་པ་དེ་མ་བྱེད་ཅེས་པ་ཡིན་ནམ་གསུང་ངོ་།། དགེ་བཤེས་ལམ་པ་ནས་བརྒྱུད་པའི་ལམ་རིམ་ལས། འཕྲང་བྱུང་ཙ་ན་ཆོས་ཡོ་ཞར་ལ་བཞག་ནས། དེ་ནས་དད་པ་ཅན་དང་མཁས་བཙུན་བཟང་པོར་རེ་སྟེ། བྱིས་པ་མཁས་པར་རློམ་བྱེད་པ། །དེ་ནི་ཤིན་ཏུ་བྱིས་པ་ཉིད། །ཅེས་བྱ་བར་འགྲོ་གསུངས་མ་ཐ་ན་ཡང་ང་དང་ཆོས་མ་མཐུན་ཞེས་ཞེ་ཐག་པས་ཤེས་ན་མཁས་པར་འོང་སྟེ། གང་གིས་བྱིས་པ་བྱིས་ཉིད་རིག །དེ་ལ་དེར་འཛིན་མཁས་པ་ཡིན། །ཞེས་གསུངས་པས་མཁས་བཙུན་གྱི་ཟོལ་འཇིག་པ་སྲིད་ཀྱི་ཞེས་དང་། བྱིས་པ་ནི་དོན་ལ་ཤེད་མ་བྱེ་བ་འོ་སྐོལ་ཡོ་ཡིན་ཞེས་གསུངས་པ་དི་སྔ་མ་དག་གིས་བཤད་པ་དང་མཐུན་པར་སྣང་ཞེས་པ་འདི་མཆན་དཀྱུས་མ་མིན་གསུངས།


tib. p. 19317


消文紀錄——


《集法句》云:《集法句經》說。消文者按,同前引自〈親友集〉或謂〈善友品第二十五〉。


若愚思為智,說彼為愚痴:如果愚笨者認為自己有智慧,可以說這種人是真正的愚痴。


故其極下,亦莫思為於法已解:所以,在觀自相續校對正法時,最起碼的態度是不要自認為對法已經了解。


我對這段本文之理解——


這段本文中,《集法句經》用以證成前段本文。隨後,宗大師據以教誡行者,莫思於法已解,而成為下愚者。


前一則 下一則


沒有留言:

張貼留言