2012/10/20初版;2016/03/20修訂(取消黑底白字樣式);2022/02/08三版(變更字體;藏文改採泰式分散對齊,並嵌入ཏྲེ་ཧོར།版四家注。又依《四家合注》之科判修正段落,將前則消文內容「此極重要」移至本日。)
論之本文——p. 28904
此極重要,唯應依止佛陀聖教,及依教之正理而善思擇,故當善閱經教而善思擇。如是能引極非可愛粗猛異熟,及能滅除餘業所引最極可愛無量異熟,是為非現見之過患。
p. 28906
tib. p. 40217
ཇགཉིས་པ་ནི་དེ་ལྟར་ཡིན་མོད་འོན་ཀྱང་ཇཚུལ་འདི་གལ་ཆེ་ཞིང་ཇཕྲ་བས་རང་འདོད་མི་བྱེད་པར་སྐྱེ་རབས་དང་དེ་ལྟ་བུ་བྱུང་བ་སོགས་ནི་སངས་རྒྱས་ཉག་གཅིག་གི་ལུང་དང་དེ་ལ་གཏིང་དཔྱོད་པའི་ཚུལ་སོགས་ལ་བརྟེན་པའི་རིགས་པ་ལ་བརྟེན་ནས་དཔྱད་དགོས་པ་ཁོ་ནར་སྣང་བས་ལེགས་པར་གསུང་རབ་བལྟས་ལ་དཔྱད་པར་བྱའོ།། ཇགྲུབ་མཐའ་གོང་འོག་མི་གཅིག་པས་སོ། སྡུད་པ་ལས། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས།། ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ན། །ཐ་བ་སྐྱོན་ལྡ་སེྶས་ཀྱི་སྐད་ཅིག་ཇི་སྙེད་པ།། དེ་སྙེད་བསྐལ་པར་གཞི་ནས་གོ་ཆ་བགོ་དགོས་སོ། །ཞེས་དང་། མདོ་ཀུན་ལས་བཏུས་སུ་བྱམས་པ་སེངྒེ་སྒྲའི་མདོ་དྲངས་པ་ལས་ཀྱང་གསུངས་པའི་ལུང་བསྟན་ཐོབ་པའི་བྱང་སེམས་ཀྱིས་ལུང་བསྟན་ཐོབ་པའི་བྱང་སེམས་ལ་ལུས་ངག་ཏུ་མ་ཐོན་པར་ཡིད་ཀྱིས་སྡང་བ་ཙམ་བསྐྱེད་ན་སེམས་དེ་གྲངས་ཇི་ཚམ་བསྐྱེད་པ་དེ་ཙམ་གྱི་བསྐལ་པར་གཞི་ནས་གོ་ཆ་བགོ་དགོས་པར་གསུངས་ལ། དེའི་དོན་དཔེར་ན་བྱང་སེམས་ཀྱི་ཚོགས་ལམ་ཆེན་པོ་ནས་མྱུར་པོར་སྦྱོར་ལམ་དུ་འཕོ་ཐུབ་པ་ཞིག་གིས་ལུང་བསྟན་ཐོབ་པའི་བྱང་སེམས་ལ་ཁྲོས་ན་ཁྲོ་སེམས་ཀྱི་གྲངས་དེ་སྙེད་ཀྱི་བསྐལ་པར་སྦྱོར་ལམ་དུང་ཕོ་མི་ནུས་པར་གཞི་ནས་ལམ་ལ་བསླབ་དགོས་པ་ལྟ་བུའོ།། འདི་ལ་སྤྱོད་འཇུག་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་བསྐྱེད་པར་བྱེད་པ་དེས། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་བྱང་སེམས་ལ་ཁོང་ཁྲོ་བསྐྱེད་པའི་གྲངས་དེ་སྙེད་ཀྱི་བསྐལ་པར་དམྱལ་བར་གནས་པར་གསུངས་པ། གཉིས་ཀ་ཡོད་པ་ལས་བཤགས་བསྡམས་ལ་འབད་པས་ལམ་བུལ་བ་སོར་མི་ཆུད་ཀྱང་རྣམ་སྨིན་མྱོང་བ་འདག་པར་འགྱུར་བས་འབད་པར་བྱའོ།། བྱང་སེམས་ཀྱིས་བྱང་སེམས་མིན་པ་ལ་ཁྲོས་ན་སྔར་བཤད་པ་ལྟ་བུའི་སྤྱིར་ཉེས་པ་ཡོད་ཀྱང་ལམ་ལ་གཞི་ནས་གོ་ཆ་བགོ་མི་དགོས་པར་གསུངས་སོ།། ཇགསུམ་པ་ནི། དེ་ལྟར་ན་རང་གི་རྣམ་སྨིན་ཡིད་དུ་མི་འོང་བ་ཆེས་དྲག་པ་འཕེན་པ་དང༌། གཞན་གྱི་རྣམ་སྨིན་ཆེས་ཡིད་དུ་འོང་བ་འབྱིན་པ་དཔག་ཏུ་མེད་པ་འགོག་པ་ནི་མ་མཐོང་བའི་ཉེས་དམིགས་སོ།།
tib. p. 40301
消文紀錄——
此極重要:這一點極為重要。
唯應依止佛陀聖教,及依教之正理而善思擇:唯一應當依止的是佛陀的聖教以及依止聖教的正理而妥善思惟決擇。
故當善閱經教而善思擇:所以應當好好地研閱經教而妥善思惟決擇。
如是能引極非可愛粗猛異熟:因此,(瞋恚的不現見過患有)一、能引生自己極不可愛的粗猛異熟。
及能滅除餘業所引最極可愛無量異熟:以及二、能摧滅其餘善業所引生極可愛的無量異熟。
是為非現見之過患:以上是瞋恚的不現見過患。
我對這段本文之理解——
這段本文宗大師結勸並總攝非現見過患。
沒有留言:
張貼留言