2012/10/15初版;2016/03/15修訂(取消黑底白字樣式);2022/02/05三版(變更字體;藏文改採泰式分散對齊,並嵌入ཏྲེ་ཧོར།版四家注。)
論之本文——p. 28811
故於此中清辯論師如前所說,以四種力淨治不善,及由邪見損害之心摧壞善根,俱如敗種,雖遇助緣而不發芽,後雖遇緣亦不能生果。
p. 28812
tib. p. 40201
ཇགཉིས་པ་ས་བོན་མ་སྤངས་ཀྱང་འབྲས་བུ་མི་འབྱིན་ཚལ་ནི། དེས་ན་འདི་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ནི་བདབུ་མ་སྙིང་པོའི་འགྲེལ་པར་སྔར་བཤད་པ་ལྟར་མི་དགེ་བ་སྟོབས་བཞིས་སྦྱངས་པ་དང་འོག་ལྟ་དང་གནོད་སེམས་ཀྱིས་དགེ་རྩ་བཅོམ་པ་ཇརྟོག་གེ་འབར་པ་ལས་གང་གི་ཚེ་དགེ་བ་ཡང་ལྟ་བ་ལོག་པ་དང་། གནོད་སེམས་ཀྱི་རྣམ་པར་འགྱུར་བའམ། མི་དགེ་བ་ཡང་སྨོན་པ་དང་སྡོམ་པ་དང་ཆགས་པ་ལ་སོགས་པའི་གཉེན་པོས་སྟོབས་ཉམས་པར་འགྱུར་བ་དེ་དག་ནི་རྐྱེན་ཚོགས་པ་ཡོད་དུ་ཟིན་ཀྱང་དགེ་བ་དང་མི་དགེ་བའི་ས་བོན་ཉམས་པ་གང་ལས་འབྲས་བུ་གང་ཞིག་འབྱུང་བར་མི་འགྱུར་ཞེས་སོ།། གཉིས་ཀ་ངརྣམ་འགྲེལ་ལས། ས་བོན་སོགས་གྲུབ་ཆོག་ནི་ཞེས་དང་། ཏིལ་མར་སྐུད་དང་མེས་བསྲེགས་སོགས་ཞེས་དང་། རྟོག་གེ་འབར་བ་ལས་རྐྱེན་ཉེ་བར་གནས་སུ་ཟིན་ཀྱང་། ས་བོན་ཚིག་གམ་རུལ་ལམ། སྣང་བ་ལས་ཀྱང་མིན་ལ་གང་ཡང་རུང་བ་མ་ཚང་ན་མངོན་པར་འབྱུང་བར་མི་འགྱུར་ཞེས་གསུངས་པ་ལྟར། ས་བོན་ཉམས་པ་རྐྱེན་དང་ཕྲད་ཀྱང་མྱུ་གུ་མི་འབྱུང་བ་ལྟར་ད་གདོད་རྐྱེན་དང་ཕྲད་ཀྱང་འབྲས་བུ་འབྱིན་མི་ནུས་པར་གསུངས་སོ།། ངགཞོམ་བྱའི་དགེ་རྩ་ནི་སྤྱོད་འཇུག་ལས། སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ཞེས་དང་། འཇུག་པར་སྦྱིན་དང་ཁྲིམས་བྱུང་ཞེས་པ་དང་། འགྲེལ་པར་བསོད་ནམས་ཀྱི་ཚོགས་ཞེས་གསུངས་པས་བདག་མེད་ལེགས་པར་རྟོགས་པའི་དགེ་རྩ་ལ་མི་བྱེད་པ་འདྲ་སྟེ་དཔྱོད་ཅེས་གསུངས། དགེ་བ་འཇོམས་པའང་ཁོང་ཁྲོ་སྐྱེས་མ་ཐག་རྒྱུད་ལ་དགེ་བ་མེད་པར་འགྲོ་བ་མིན་གྱི་འབྲས་བུ་འབྱིན་པའི་ནུས་པ་ལ་གནོད་པ་བྱེད་པའོ།། དེ་ཡང་ཟད་པ་ཆུང་འབྲིང་ཆེ་གསུམ་བཤད་པའི་གང་གནོད་པ་བྱས་ཚེ་དེ་སླར་སྨིན་མི་ནུས་པའོ། དེ་ལྟར་ན་གནོད་པ་སྐྱལ་ཚུལ་ལ་ལམ་མྱུར་པོར་སྐྱེ་བའི་ནུས་པ་བཅོམ་པ་དང་། བདེ་འགྲོ་སོགས་ཀྱི་འབྲས་བུ་སྐྱེ་བ་ལ་གནོད་པ་བྱས་པ་གཉིས་པོ། ཟླ་བ་སྒྲོན་མའི་མདོ་བསླབ་བཏུས་སུ་དྲངས་པ་ལས། ཕན་ཚུན་གནོད་པའི་སེམས་སུ་གང་བྱེད་པ། །དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱབས་མི་བྱེད། །བསམ་གཏན་དང་ནི་དགོན་གནས་སྐྱབས་མི་བྱེད། །སྦྱིན་དང་སངས་རྒྱས་མཆོད་པས་སྐྱབས་མི་བྱེད། །ཅེས་གསུངས་པས། ཕན་ཚུན་ནི་གྲོགས་ཚངས་པ་མཚུངས་པར་སྤྱོད་པའོ།། ཚུལ་ཁྲིམས་སོགས་དྲུག་གིས་མི་སྐྱོབ་པ་ནི། །དེ་དག་གིས་ཁོང་ཁྲོས་དགེ་རྩ་འཇོམས་པ་འགོག་མི་ནུས་པའོ།།
tib. p. 40204
消文紀錄——
故於此中清辯論師如前所說:所以,關於這方面,就如前面已經引用過清辯論師所說的觀點。消文者按,指於「特以四力淨修道理」引《分別熾然論》(p.14701, p.14711)。
以四種力淨治不善:以四種力淨治不善業。
及由邪見損害之心摧壞善根:以及由邪見和損害心摧壞善根。
俱如敗種:都像敗壞了的種子。
雖遇助緣而不發芽:雖然遇到助緣,也不會發芽。
後雖遇緣亦不能生果:以後雖然遇緣也不能生果。
我對這段本文之理解——
這段本文依以前所引清辯論師所說,宣說壞善根之正義。
沒有留言:
張貼留言