2012/11/23

消文(2012/11/23)

2012/11/23初版;2016/04/02修訂(取消黑底白字樣式)2022/04/24三版(變更字體;藏文改採泰式分散對齊,並嵌入ཏྲེ་ཧོར།版四家注。)

論之本文——p. 29401

《入中論》云:「許為盡昔造,諸不善業果,害他忿招苦,如反下其種。」

p. 29401

tib. p. 40916

འཇུག་པ་ལས་ཀྱང༌། རང་གི་ལུས་ལ་གནོད་པའི་སྡུག་བསྔལ་ཆེན་པོ་དགྲ་ལ་སོགས་པས་སྒྲུབ་པ་དེ་ནི་རང་གི་སྐྱེ་བ་སྔོན་བྱས་པ་ཡི་སྲོག་གཅོད་སོགས་ཀྱི་མི་དགེའི་ལས་ཀྱི་འབྲས་བུ་ངན་སོང་གསུམ་དུ་རྣམ་སྨིན་དྲག་པོ་མྱོང་ཞིང་རྒྱུ་མཐུན་གྱི་འབྲས་བུ་ལྷག་མར་ལུས་པ་ཅན་རྣམས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་ཡིད་དུ་མི་འོང་བ་མ་ལུས་པ་ལྡོག་པའི་རྒྱུ། གང༌། ཡིན་པ་ལས་ཀྱི་ལྷག་མ་ཟད་པར་བྱེད་པར་བརྗོད་པར་འདོད་པ་དེ་ཉིད་ཀོསྟེ་དེ་ནི་ཡིན་པ་ལ སླར་གཞན་ལ་གནོད་པའི་ལན་བྱེད་པ་དང་ནི་རྒྱུད་ཁོངས་ནས་འཁྲུགས་པའི་ཁྲོ་བས་སྡུག་བསྔལ་འདིར་མྱོང་བ་ལས་ཆེར་ལྷག་པའི་སྡུག་བསྔལ་ཕྱིར།། དེ་སླར་ཕྱི་མར་མྱོང་བའི་ས་བོན་ཉིད་དུ་ཇི་ལྟ་བུར་ན་འཁྲིད་པར་བྱེད། རིགས་ཏེ་མི་རིགས་ཅེས་སོ།། དེ་ཡང་ཚེ་འདིར་རང་ལ་གཞན་གྱིས་གནོད་པ་བྱས་པའི་སྡུག་བསྔལ་དེས་ཚེ་སྔ་མའི་ལས་ངན་གྱི་ལྷག་མ་སྦྱངས་ནས་ཕྱི་མར་བདེ་བར་འགྱུར་རྒྱུ་ཡིན་པ་ལ་སླར་གཞན་ལ་གནོད་ལན་དང་ཁོང་ཁྲོ་བ་སོགས་ཀྱིས་ཚེ་ཕྱི་མར་སྡུག་བསྔལ་གྱི་མྱུ་གུ་འབྱུང་བའི་ས་བོན་འདེབས་མི་རིགས་པས་ནད་བྱང་བའི་ཕྱིར་གཏར་སྲེག་སོགས་ཀྱི་སྡུག་བསྔལ་བཟོད་དགོས་པ་ལྟར། ཕྱི་མའི་སྡུག་བསྔལ་གྱི་རྒྱུ་ལས་ངན་དག་བྱེད་ཀྱི་གནོད་པ་བཟོད་དགོས་སོ།།

tib. p. 40918

消文紀錄——

《入中論》云:《入中論》說。

許為盡昔造,諸不善業果,害他忿招苦,如反下其種:承許此苦為盡除往昔所造種種惡業的果報,傷害他的瞋忿心又招來種種苦果,反而好像再播下苦種子一般。

我對這段本文之理解——

這段本文引《入中論》證成前一段所說「其怨所生苦是我宿世惡業之果,由受此故,盡宿惡業」。

消文者按,法尊法師於《入中論與自釋》之譯文作:
〈第三品 菩提心發光地〉「既許彼苦能永盡,往昔所作惡業果,云何瞋恚而害他,更引當來苦種子。」

前一則 下一則

沒有留言:

張貼留言