2010/06/11初版;2018/10/05修訂(重編版面;移除超連結;增訂藏文採泰式分散對齊,並嵌入ཏྲེ་ཧོར།版四家注)
論之本文——p. 17701
此中預流及一來者,雖其我愛亦復現行,然慧觀察制而不著,譬如強力制伏羸劣,諸不還者我愛不行。
p. 17702
tib. p. 24310
དེ་ཡང་རྒྱུན་ཞུགས་དང་ཕྱིར་འོང་ལ་ཡང་བདག་ལ་ཆགས་པ་འབྱུང་མོད་ཀྱི། ཤེས་རབ་ཀྱིས་བརྟགས་ནས་སྤོང་གི་དང་དུ་མི་ལེན་ཏེ། དཔེར་ན། མི་སྟོབས་ལྡན་གྱིས་སྟོབས་ཆུང་ངུ་བརྡུང་བ་དང་འདྲའོ། །ཕྱིར་མི་འོང་རྣམས་ལ་ནི་བདག་ལ་ཆགས་པ་དེ་མི་འབྱུང་ངོ་།། ཇཐམས་ཅད་ཀྱང་འཆི་བའི་འདུ་ཤེས་མི་གསལ་པ་ལ་མ་སླེབས་ཀྱི་བར་དུ་ཐོག་མེད་ནས་གོམས་པའི་བདག་ལ་ཆགས་པ་དེ་འབྱུུང་། དེའི་འོག་ཏུ་བདག་ལ་ཆགས་པའི་དབང་གིས་བདག་ནི་མེད་པར་འགྱུར་རོ་སྙམ་དུ་སྐརག་ནས་ལུས་ལ་དགའ་བའི་བློ་འབྱུང་སྟེ། དེ་ནི་བར་དོ་འགྲུབ་པའི་རྒྱུ་ཡིན་ནོ།། དེ་ཡང་རྒྱུན་ཞུགས་དང་ཕྱིར་འོང་ལ་བདག་ཆགས་དེ་འབྱུང་ཡང་དང་དུ་མི་ལེན་པའི་ཕྱིར། ཤེས་རབ་ཀྱིས་སྤོང་ལ། ཕྱིར་མི་འོང་བ་ལ་ནི་བདག་ལ་ཆགས་པ་མི་འབྱུང་སྟེ་ཕྱིར་འོང་ནི་འདོད་པའི་རྟེན་ཅན་ཡིན་ན་དེའི་རྒྱུད་ཀྱི་བདག་དེ་ཡང་འོད་པའི་སས་བསྡུས་པ་ཡིན་ལ། ཕྱིར་མི་འབྱུང་ཞིང་དེས་ཁམས་གཞན་ལའང་འདྲ་བའི་ཕྱིར་རོ།། འོ་ན་སྔར་དེ་ལྟ་བུའི་བདག་ཆགས་དེ་བར་དོ་འགྲུབ་པའི་རྒྱུར་བཤད་ན་ཕྱིར་མི་འོང་ལ་དེ་མེད་ན་དེའི་བར་དོ་འགྲུབ་པའི་རྒྱུ་དེ་གང་ཡིན་སྙམ་ན། སྤྱིར་བར་དོ་འགྲུབ་པའི་རྒྱུ་ལ་ལུས་ལ་ཆགས་པ་སྐྱེ་བ་དང་། སྔོན་སྤྲོས་པ་ལ་དགའ་བས་ཡོངས་སུ་བསྒོས་པ་གཉིས་གསུངས་པའི་སྔ་མ་འདི་ལ་མེད་པས་ཕྱི་མ་ལ་བརྟེན་ནས་འགྲུབ་ཅིང་། དེ་ཡང་ཕྱིར་མི་འོང་དེ་སྔོན་བསམ་གཏན་གྱི་དངོས་གཞི་ལ་གོམས་པ་ཤས་ཆེ་ན་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་དགའ་བ་ལྟ་བུ་སོགས་ཡིན་ནོ་ཞེས་གསུངས་སོ།། མཛོད་འགྲེལ་ལས། དགེ་དང་མི་དགེའི་སེམས་གཉིས་དམིགས་རྣམ་འཛིན་པའི་བློ་ཤུགས་ཅན་ཡིན་པས་འཆི་སེམས་ཆད་ལ་ཁད་པ་ལ་ཉེ་བའི་ཤུགས་ཞན་པ་དེ་དང་མི་མཐུན་ལ། ལུང་མ་བསྟན་དང་བློའི་རིགས་མཐུན་པས་འཆི་སེམས་དངོས་ལ་ལུང་མ་བསྟན་གྱིས་ཁྱབ་པར་གསུངས་སོ།།
tib. p. 24313
消文紀錄——
此中預流及一來者,雖其我愛亦復現行,然慧觀察制而不著:證得初果與二果的聖者,雖然我愛也會現行,但是因為具慧觀察而不再愛著於我愛。
譬如強力制伏羸劣:就好比力量大的可以制伏弱小者。
諸不還者我愛不行:證得三果的聖者,我愛就不再現行。
我對這段本文之理解——
這段本文闡述聖者不再愛著於我愛,三果聖者的我愛更是不再現行。
沒有留言:
張貼留言