2010/05/27

消文(2010/05/27)




2010/05/27初版;2015/02/25修訂(重編版面,增訂藏文,移除超連結)2018/09/21三版(變更字體;藏文改採泰式分散對齊,並嵌入ཏྲེ་ཧོར།四家注)


論之本文——p. 17501


此說善思生死過患,厭離生死意樂所起,引出世道諸善淨法,為隨順集。故當勵力,引此意樂及無我慧。


p. 17502


tib. p. 24011


ལྔ་པ་དེས་ན་ངེས་འབྱུང་དང་བདག་མེད་པའི་ལྟ་བ་དགོས་པ་ནི། འཁོར་བའི་ཉེས་དམིགས་དང་རྒྱུ་ལེགས་པར་བསམས་ནས། དེ་ལས་ཡིད་འབྱུང་བའི་བསམ་པས་ཀུན་ནས་བསླངས་པའི་དགེ་བའི་ལས་འཇིག་རྟེན་ལས་འདས་པའི་ལམ་སྐྱེད་པར་བྱེད་པ་རྣམས་འབྱུང་རྗེས་མཐུན་པར་གསུངས་པས་བསམ་པ་འདི་དང་བདག་མེད་པའི་ཤེས་རབ་བསྐྱེད་པ་ལ་འབད་དགོས་སོ།། སྤྱིར་ཚོགས་སྦྱོར་བས་འཕེན་བྱེད་ཀྱི་ལས་གསར་དུ་གསོག་པ་ཡོད་ཀྱང་། དེའི་རྒྱུད་ཀྱི་ངེས་འབྱུང་གི་བསམ་པ་དང་དེས་ཟིན་པའི་དགེ་རྩ་མཚུངས་ལྡན་དང་བཅས་པ་དང་། སྟོང་ཉིད་རྟོགས་པའི་ལྟ་བ་དང་དེས་ཟིན་པ་སོགས་ནི་ཀུན་འབྱུང་གི་བདེན་པས་བསྡུས་པ་ཡིན་ཀྱང་འཕེན་བྱེད་ཀྱི་ཀུན་འབྱུང་བདེན་པ་དངོས་མིན་ཏེ། སྔ་མ་དེ་ཡང་སྲིད་ཕྱི་མ་སྲེད་པའི་གཉེན་པོའི་ཕྱོགས་དང་། ཕྱི་མ་ལ་འཁོར་བའི་རྩ་བ་བདག་འཛིན་འཛིན་སྟངས་འགལ་བས་ཁྱབ་པའི་ཕྱིར་ཏེ། བསྡུ་བར་འཇིག་རྟེན་པའི་ཆོས་ཞེས་སོགས་ཀྱི་དོན་ཚོགས་ལམ་པའི་རྒྱུད་ཀྱི་ངེས་འབྱུང་གི་བསམ་པ་དེ་ཀུན་འབྱུང་བདེན་པ་རང་བཞིན་པ་ཡིན་ནམ་ཞེས་དྲིས་ནས་དེ་དག་ཁོ་རང་གི་ངོ་བོ་ཡང་འབྱུང་བའི་སྲིད་པ་ལ་མི་ཕྱོགས་པ་སྟེ་འཁོར་བ་ལ་སྲེད་པའི་གཉེན་པོའི་ཕྱོགས་ཡིན་ཞིང་། ཡང་འབྱུང་བའི་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྟེ་ཡང་སྲེད་ཕྱི་མ་བསྐྱེད་པའི་ཀུན་འབྱུང་དངོས་དང་རྗེས་སུ་མཐུན་པས་ཀུན་འབྱུང་བདེན་པས་བསྡུས་པ་ཡིན་ནོ་ཞེས་བླ་མ་སྔ་མས་གསུངས། དེས་ན་ངེས་འབྱུང་དང་ལྟ་བ་གང་རུང་གིས་མ་ཟིན་པའི་རང་ཅག་ལས་དང་པོ་བའི་དགེ་རྩ་ཕལ་ཆེར་འཁོར་བའི་རྒྱུ་ཀུན་འབྱུང་བདེན་པ་ཤས་ཆེ་བས་དེང་སང་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཡོད་ན་རབ་དེ་ལྟར་མེད་ན་སོ་ཐར་གྱི་བསླབ་བྱ་བསྲུང་བ་འདི་དང་པོར་སྡོམ་པ་ལེན་པའི་དུས་ཀྱི་ངེས་འབྱུང་གི་བསམ་པས་ཟིན་པས་འཁོར་བའི་རྒྱུར་མི་འགྲོ་ཞིང་། ཐར་པའི་རྒྱུར་འགྲོ་བ་ལ་འདི་ཀ་དྲག་པས་ཟབ་མོར་རློམ་པ་གཞན་ལས་འདྲི་ལ་འབད་པ་ཞིད་དགའ་ཞིང་ད་ལྟ་དགེ་རྩ་དེ་བླ་མ་བཟང་པོ་ལྟ་བུས་བསྔོ་བ་སྨོན་ལམ་གྱིས་བཏབ་ན་སྔར་གྱི་དེག་མེད་ཀྱང་ཞིང་གི་མཐུ་ལ་བརྟཏེན་ནས་ཐར་པའི་རྒྱུར་འགྲོ་བ་ཡང་འགའ་རེ་ཡོད་དོ་གསུངས་སོ།།


tib. p. 24014


消文紀錄——


此說善思生死過患,厭離生死意樂所起,引出世道諸善淨法,為隨順集:以上闡述好好如理思惟生死的過患,生起厭離心,然後由此厭離心生起能引出世間道的種種善淨白法,都還是隨順於集諦之業。


故當勵力,引此意樂及無我慧:因此,應當努力生起厭離心與無我智慧。


我對這段本文之理解——


宗大師以這段本文小結,教誡行者應當勵力引厭離生死意樂及無我慧。


前一則 下一則




沒有留言:

張貼留言