2023/01/13

論源(2007/06/17)

2007/06/17 初版;2014/06/14 修訂(重編版面,增訂藏文,移除超連結)2019/11/16 三版(藏文改採泰式分散對齊,並嵌入 ཏྲེ་ཧརོ 版四家注)


論之本文——p. 03912


如《現在諸佛現證三摩地經》云:「若彼於師住嫌恨心,或堅惡心,或恚惱心,能得功德,無有是處。若不能作大師想者亦復如是。若於三乘補特伽羅,說法苾芻,不起恭敬,及尊長想,或大師想者,此等能得未得之法,或已得者,令不退失,無有是處。由不恭敬,沉沒法故。」


p. 04002


tib.p. 05301


ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས། གལ་ཏེ་རང་གི་ཆོས་ཐོས་པའི་བླ་མ་ཡིན་ན་སློབ་མ་དེས་བླ་མ་དེ་ལ་གནོད་པར་འདོད་པའི་ཀུན་ནས་མནར་སེམས་སམ་ཁོང་སྲན་འཆའ་བའི་ཐ་བའམ་གནོད་སེམས་མེད་པའི་རང་གར་སྡང་བའི་སེམས་ཀྱིས་གནས་པས་གནས་ན་དེའི་རྒྱུ་དག་ཡོན་ཏན་འཐོབ་པ་ནི་གནས་མེད་དོ།། སྔར་བཤད་པ་དེ་དག་མེད་ཀྱང་དེ་ལ་སྟོན་པའི་འདུ་ཤེས་མི་བསྐྱེད་ནའང་དེ་བཞིན་ནོ།། དེ་ལས་གཞན་ཡང་། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། སློབ་དཔོན་སྨོད་པར་བྱེད་པ་དག །རྨི་ལམ་དུ་ཡང་མཐོང་མི་བྱ། །ཞེས་གསུངས་ཤིང་སྙིང་ནས་སློབ་དཔོན་སྨོད་པ་དེ་དང་ལྷན་ཅིག་ཏུ་ཟང་ཟིང་གི་ལོངས་སྤྱོད་ཀྱིས་དགའ་བར་བྱེད་པས་ཀྱང་དངོས་གྲུབ་མི་འགྲུབ་ཅིང་གཞན་སྨོད་པའི་གྲོགས་བྱེད་ནའང་དངོས་གྲུབ་ཀྱི་གེགས་ཆེན་པོར་འགྱུར་བར་གསུངས་སོ།། འདི་ལྟར་རང་གིས་ཆོས་འགྲེལ་མེད་ཀྱང་ཐེག་པ་གསུམ་པའི་གང་ཟག་དང་གཞན་ལ་ཆོས་སྟོན་པའི་དགེ་སློང་ལ་གུས་པ་དང་བླ་མའམ་སྟོན་པའི་འདུ་ཤེས་མི་བསྐྱེད་ན་དེ་དག་སྔར་མ་ཐོབ་པའི་ཆོས་འཐོབ་པའམ་སྔར་ཐོབ་ཟིན་པ་ཆུད་མི་ཟ་བ་ནི་གནས་མེད་དེ་དེའི་རྒྱུ་མཚན་ཆོས་སྨྲ་བ་ལ་མ་གུས་པས་ནི་ཆོས་ནུབ་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ།། དེས་ན་བསྟན་འཛིན་ལ་མ་གུས་པའང་བསྟན་པ་ནུབ་པའི་རྐྱེན་ཡིན་གསུངས།


tib.p. 05306


論源紀錄——


Pending


前一則 下一則


沒有留言:

張貼留言