2023/01/13

論源(2007/06/15)

2007/06/15 初版;2013/10/19 修訂;2019/11/15 三版(藏文改採泰式分散對齊,並嵌入 ཏྲེ་ཧོར། 版四家注)


論之本文——p. 03910


善巧成就寂靜論師,所造《札那釋難論》中,亦引經云:「設唯聞一頌,若不執為尊,百世生犬中,後生賤族姓。」


p. 03911


tib.p. 05217


མཁས་གྲུབ་ཆེན་པོ་ཤཱནྟི་པས་མཛད་པའི་དགྲ་ནག་གི་དཀའ་འགྲེལ་དུ་དྲངས་པ་ལས་ཀྱང༌། ཉན་འདོད་སློབ་འདོད་ཀྱི་སྒོ་ནས་ཚིག་མང་པོར་མ་ཟད་ཐ་ན་ཚིགས་བཅད་གཅིག་ཙམ་མཉན་པ་ལཡང་གང་ཟག །གང་གིས་བླ་མར་མི་འཛིན་པ། དེ་ནི་ཁྱི་ཡི་སྐྱེ་གནས་བར་མ་ཆད་པར་བརྒྱར་སྐྱེས་ནས། དེ་རྗེས་སྨེ་ཤ་ཅན་ཏེ་བཤན་པ་ལྟ་བུའི་རིགས་ངན་དུ་སྐྱེ་བར་འགྱུར། འདིའི་དོན་ལ་ཁ་ཅིག་བླ་མ་ལ་སྨོད་པ་སོགས་ཀྱི་ལས་སྟོབས་ལྡན་དེ་ཀུན་ནས་སློང་བྱེད་ཀྱི་མ་རིག་པ་དེའི་སྟེང་དུ་དེའི་ཆ་ཤས་བརྒྱ་དང་དུས་གཅིག་ཏུ་གྲུབ། མ་རིག་པ་དེ་དག་གི་རང་རང་གི་འཕངས་འབྲས་སུ་གྱུར་པའི་ཁྱིའི་སྐྱེ་བ་དང་པོ་ནས་སྨེ་ཤ་ཅན་གྱི་བར་འཕེན་བྱེད་ཀྱི་འདུ་བྱེད་ཀྱི་ལས་རྣམས་རིམ་གྱིས་བསྐྱེད་པའི་ལས་དང་པོ་དེ་ལ་སྲེད་ལེན་གྱིས་གསོས་བཏབ་ནས་ཁྱིའི་སྐྱེ་སྲིད་དང་པོ་གྲུབ་པ་ནས་དེའི་རྒ་ཤིའི་བར་འབྱུང་། དེ་བཞིན་དུ་སྨེ་ཤ་ཅན་གྱི་བར་རིམ་གྱིས་གྲུབ་པའི་ཚེ་རེ་རེ་ལ་མ་རིག་པའི་ཆ་ཤས་རེ་རེ་འགགས་ཀྱང་མ་རིག་པ་སྤྱི་དེ་ཉིད་རྟེན་འབྲེལ་ཚར་གཅིག་ལ་གཏོགས་པས་སྨེ་ཤ་ཅན་གྱི་བར་དུ་མི་རྫོགས་པ་ཡིན་ནོ།། ཞེས་གསུངས་ཀྱང་། བདག་གི་བླ་མ་ནི་ལས་སྔ་མ་སྔ་མས་ཐུན་མོང་མ་ཡཡིན་པའི་སྐུལ་བྱེད་བྱས་ནས་སྐྱེ་བ་དེ་དག་གཞན་གྱི་བར་མ་ཆོད་པར་ལེན་པའི་ཁྱབ་པ་དེ། ལས་དེ་མཐུ་ཆེ་བའི་དོན་ཡིན་གྱི་མ་རིག་པ་དང་འདུ་བྱེད་མང་པོ་དུས་གཅིག་ཏུ་གྲུབ་པ་སོགས་མིན་ལ། དེ་བཞིན་དུ་བསླབ་བཏུས་སུ་མདོ་དྲངས་པ་ལས། དགེ་སློང་གི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་སེམས་དང་བས་ཕྱག་འཚལ་བའི་ལས་ཀྱིས་གསེར་གྱི་ས་གཞི་ལ་ཐུག་གི་བར་གྱི་ལུས་ཀྱིས་ཇི་ཙམ་ནོན་པའི་རྡུལ་གྱི་གྲངས་དང་མཉམ་པའི་འཁོར་ལོས་བསྒྱུར་བ་སྟོང་འགྱུར་ཐོབ་པར་གསུངས་པ་སོགས་ཀྱང་ལས་དང་པོ་དེས་འཁོར་ལོས་བསྒྱུར་པའི་ལུས་དང་པོ་དེ་འཕངས་པའི་རྟེན་དེ་ལ་སྔར་གྱི་ལས་ཀྱི་ནུས་པས་ཐུན་མོང་མ་ཡིན་པའི་སྐུལ་བྱེད་བྱས་ནས་ལུས་གཉིས་པ་དེ་འཕེན་བྱེད་ཀྱི་ལས་བསགས། དེ་བཞིན་དུ་ལུས་དེ་རྣམས་འགྲོ་བ་གཞན་གྱིས་བར་མ་ཆོད་པར་ངེས་པར་ལེན་པས་ཁྱབ་པ་དེ་ལས་དེའི་ནུས་པ་ཡིན་ནོ་ཞེས་གསུངས། ཡང་འདིའི་སྨེ་ཤ་ཅན་རིགས་ངན་ལ་བྱེད་པ་མི་རིགས་ཏེ། དེ་བདེ་འགྲོའི་རྟེན་ཅན་ཡིན་པས་ཁྱིའི་སྐྱེ་བ་རྣམས་འཕེན་བྱེད་ཀྱི་ལས་དེའི་འཕངས་འབྲས་སུ་མི་རུང་བའི་ཕྱིར། དེས་ན་འདིར་རང་གི་བུས་མ་ཟ་བར་བྱེད་པས་སྨེ་ཤ་ཅན་ཏེ་སྲོག་ཆགས་སྡིག་པ་ལ་བྱེད་དོ།། ཞེས་གསུངས་ཀྱང་ལུས་དེ་དག་འཕེན་བྱེད་ཀྱི་ལས་བསགས་ཚུལ་སྔར་བཤད་པ་ལྟར་ཡིན་པས་སྐྱོན་མེད་དོ།། སྐབས་གཞན་དུ་སྨེ་ཤ་ཅན་ཞེས་པ་ལང་ཀར་གཤེགས་པའི་མདོ་བསླབ་བཏུས་སུ་དྲངས་པ་ལས་ཤ་ཟ་བའི་ཉེས་དམིགས་ལ་གདོལ་པ་གཞུང་ལུགས་ལ་མི་བརྟེན་པ་རིགས་ངན་སྨེ་ཤ་ཅན་གྱི་རིགས་དང་། བཙོ་བླག་མཁན་དུ་ཡང་ཡང་སྐྱེ་ཞེས་གསུངས་པས་སྨེ་ཤ་ཅན་སྡིག་པ་རྭ་ཅན་ལ་བྱེད་པ་མི་རིགས་སོ།། ཞེས་གསུངས་སོ།།


tib.p. 05219


論源紀錄——


Pending


 


沒有留言:

張貼留言