2023/01/09

論源(2007/06/07)

2007/06/07 初版;2012/07/04 修訂;2014/06/06 三版(移除黑底白字樣式,移除超連結)2019/10/28 四版(變更字體;藏文改採泰式分散對齊,並嵌入ཏྲེ་ཧོར།版四家注)


論之本文——p. 03809


《地藏經》云:「彼攝受者,應經無量俱胝劫中,流轉惡趣所有諸業,然於現法因疾疫等,或飢饉等,損惱身心而能消除,下至呵責,或唯夢中亦能清淨。雖於俱胝佛所,種諸善根,謂行布施,或行供養,或受學處,所起眾善,然彼僅以上半日善,即能映蔽。承事尊重,成就功德不可思議。」


p. 03812


tib. p. 05106


སའི་སྙིང་པོའི་མདོ་ལས། དགེ་བའི་བཤེས་གཉེན་དེས་ཟིན་པ་ནི་བསྐལ་པ་བྱེ་བ་དཔག་ཏུ་མེད་པར་ངན་འགྲོར་འཁྱམ་པར་འགྱུར་བའི་ལས་རྣམས་ཚེ་འདིར་རིམས་ལ་སོགས་པའམ་མུ་གེ་ལ་སོགས་པ་ལུས་དང་སེམས་ལ་གནོད་པ་བྱུང་བས་བྱང་བར་འགྱུར་ཏེ་ཐ་ན་བརྒྱད་བཀག་གམ་རྨི་ལམ་ཙམ་གྱིས་ཀྱང་བྱང་བར་འགྱུར་རོ།། བརྒྱད་བཀག་ནི་བརྡ་རྙིང་སྟེ་གཞན་གྱིས་རང་ལ་བརྙས་ཐབས་བྱེད་པ་ལྟ་བུའིམ་ཅོ་འདྲི་ཀྱལ་ཀ་བྱེད་པ་ལྟ་བུ་ལ་ཟེར། སྔ་མ་དག་སྟོབས་ཀྱིས་རང་དབང་མེད་པར་ཁས་ལེན་དུ་འཇུག་པ་ལྟ་བུ་ལ་ཟེར། བརྒྱད་བཀག་ནི་སྤྱོ་བའི་བྱེ་བྲག་སྟེ། སྤྱོ་བ་ལ་སྐད་དོད་མང་བས་དོན་སོ་སོར་གོ་དགོས་པ་ནི། བ་རི་བྷཱ་ཥཱཿནི་སྤྱོ་བ་སྟེ་དེ་ནི་ཡོངས་སུ་ལབ་པའི་དོན་ནོ།། ནི་རྦྷཱ་ནཱ་ཏཿཡང་སྤྱོ་བའམ་བརྒྱད་པའམ་ཚར་བཅད་པའོ།། མངོན་བརྗོད་མུ་ཏིག་འཕྲེང་བར། ཛུ་གུ་བྦ་སྨད་པ་ཨུ་པ་གྲེ་ཥཿཉེ་བར་སྤྱོ་བ་དང་། བཤེས་གཉེན་ལ་བསྙེན་བཀུར་བ་དེས་སངས་རྒྱས་བྱེ་བ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་སྦྱིན་པའམ་མཆོད་པའམ་བསླབ་པ་བཟུང་བ་ལས་བྱུང་བ་རྣམས་སྔ་དྲོ་གཅིག་གིས་ཟིལ་གྱིས་གནོན་ཏོ།། བླ་མ་ལ་བསྙེན་བཀུར་བྱེད་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ།།


tib. p. 05112


論源紀錄——


Pending……


 


沒有留言:

張貼留言