2023/01/12

論源(2007/06/13)

2007/06/13 初版;2014/06/12 修訂(重編版面,增訂藏文,移除超連結)2017/06/02 三版(藏文改採泰式分散對齊,並嵌入 ཏྲེ་ཧརོ 版四家注)


論之本文——p. 03905


金剛手灌頂續》云:「薄伽梵,若有毀謗阿闍黎者,彼等當感何等異熟。世尊告曰,金剛手,莫作是語,天人世間悉皆恐怖,秘密主然當略說,勇士應諦聽。我說無間等諸極苦地獄,即是彼生處,住彼無邊劫,是故一切種,終不應毀師。」


p. 03907


tib. p. 05203


ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བཅོམ་ལྡན་འདས་གང་དག་སློབ་དཔོན་ལ་བརྙས་པར་བགྱིད་པ་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། ཞེས་ཕྱག་ན་རྡོ་རྗེས་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ། ལག་ན་རྡོ་རྗེ། ཞེས་བོས་ནས་དེའི་རྣམ་སྨིན་རྫོགས་པར་བཤད་ན་ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་གྱིས་དེ་ཤོད་ཅིག་ཅེས་དེ་སྐད་མ་སྨྲ་ཞིག །ཅེས་རྫོགས་པར་མི་གསུང་བ་དང་དེ་ལྟར་ནའང་འདྲི་བ་པོའི་ངག་མི་གཅོག་པའི་ཕྱིར་གསང་བའི་བདག་པོཞེས་སླར་ཡང་བོས་ནསརྫོགས་པར་མི་འཆད་དེ་འོན་ཀྱང་ཅུང་ཟད་ཞིག་བརྗོད་པར་བྱའི། །དཔའ་བོ་ཆེན་པོ་ཕྱག་ན་རྡོ་རྗེ་ཁྱོད་བསྒྲིམས་ཏེ་དེ་ཉོན་ཅིག །ཅེས་བསྐུལ་ནས། དེ་གང་ཞེ་ན་སྡུག་བསྔལ་བར་མཚམས་མེད་པར་མྱོང་བའི་མནར་མེད་ལ་སོགས་མི་བཟད་པའི།། དམྱལ་བ་གང་དག་སངས་རྒྱས་བཅོམ་ལྡན་འདས་ངས་བཤད་པ། ནི་སློབ་དཔོན་ལ་བརྙས་པའི་སེམས་ཅན་དེ་རྣམས་ཀྱི་ནི་གནས་སུ་བརྗོད། ཅེས་སོ།། འོ་ན་དེར་ཡུན་ཇི་ཙམ་གནས་དགོས་སྙམ་ན་གནས་དེར་ནི་ཡུན་བསྐལ་པ་མཐའ་ཡས་སུ་གནས་དགོས་སོ།། རྒྱུ་མཚན་དེ་ལྟ་བས་ན་སེམས་ཅན་གང་གིས་ཀྱང་། རྣམ་པ་ཀུན་ཏུ། སློབ་དཔོན་དེ་ལ་དུས་ནམ་ཡང་བརྙས་པར་མི་བྱཞེས་སོ། ཞེས་དང་།


tib. p. 05209


論源紀錄——


Pending


前一則 


沒有留言:

張貼留言