2009/02/22初版;2018/09/02修訂(重編版面,移除超連結;增訂藏文並採泰式分散對齊,嵌入ཏྲེ་ཧོར།版四家注)
論之本文——p. 02112
其加行者,謂先沐浴具足潔淨,著鮮淨服,於其清潔悅意處所,坐於座已,若能誦持伏魔真言,《海慧經》說則其周匝百踰繕那,魔羅及其魔眾諸天所不能至,縱使其來亦不能障,故應誦咒。
p. 02201
tib. p. 02911
སྦྱོར་བ་ནི། ཁྲུས་བྱས་ཤིང་གཙང་སྦྲ་དང་ལྡན་པས་གོས་གཙང་མ་བགོས་ཏེ་གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ་ཆོས་ཀྱི་ཁྲི་དང་སྟན་ལ་འཁོད་ནས། བདུད་ཚར་བཅད་པའི་སྔགས་ཁ་ཏོན་དུ་བཏོན་ན་དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་མི་འོང་ལ། འོངས་ཀྱང་བར་ཆད་བྱ་བར་མི་ནུས་པར་བློ་གྲོས་རྒྱ་མཚོས་ཞུས་པ་ལས་གསུངས་པས་སྔགས་དེ་གདོན་ལ་དེ་ནི་འདི་ལྟ་སྟེ། དཏྱ་ཐཱ། ཤ་མེ་མཉམ་མ། ཤ་མ་བ་ཏི་མཉམ་ལྡན་མ། ཤ་མི་ཏ་ཤ་ཏྲུ་དགྲ་ཞི་མ། ཨཾ་ཀུ་རེ་མྱུ་གུ་མ། མང་ཀུ་རེ་རང་གི་མྱུ་གུ་མ། མཱ་རཱ་ཛི་ཏེ་བདུད་འཕམ་མ། ཀ་རཱ་ཊེ་མཐུ་ལྡན་མཀེ་ཡཱུ་རེ་དཔུང་བརྒྱན་མ། ཨོ་གྷོ་བ་ཏི་ཆུ་ལྡན་མ་ཨོ་ཧོ་ཀ་མ་ཏི་གཡོ་བྲལ་མ། བི་ཤ་ཐ་ཁྱད་པར་འཕགས་མ། ནི་རྨ་ལེ་དྲི་མེད་མ། མ་ལཱ་པ་ཎ་ཡེ་སེལ་མ། ཨོ་ཁ་རེ་མང་འཛིན་མ། ཨོཁར་གྲ་མེ་ཁ་ཡཱ་མཁའ་འགྲོ་མ། གྲ་སོ་གྲ་ས་ནི་ཟ་བ་མ། ཧེ་མུ་ཁཱི་ཀྱེ་གདོང་མ། པཱ་ར་མུ་ཁི་ཕྱིར་ཕྱོགས་མ། ཤ་མི་ཏ་ནི་ཞི་བ་རྣམས། སརྦ་གྲ་ཧ་བནྡྷ་ནཱ་ནི་གདོན་གྱིས་འཆིང་བ་རྣམས་ཐམས་ཅད། ནི་གྲྀ་ཧཱི་ཏཱཿ ཚར་གཅོད་པ། སརྦ་པ་ར་པྲ་བ་དིནཿ ཕས་ཀྱི་རྒོལ་བ་རྣམས་ཚར་གཅོད་པ། བི་མུཀྟཱ་མ་ར་པཱ་ཤཿ སྠཱ་བི་ཏཱ་བདུད་ཀྱི་ཞགས་པ་རྣམས་རྣམ་པར་གྲོལ་མ། བུདྡྷ་མི་དྲ། སངས་རྒྱས་ཀྱི་ཕྱག་རྒྱ། ས་མུད་གྷའཏི་ཏཱཿ མ་འདས་པ། སརྦ་མཱ་རཿ ཨ་ཙ་ཡི་ཏཿ བདུད་ཐམས་ཅད་ཡང་དག་པར་ཀུན་ཏུ་འཇོམས་ཤིང་མི་གཡོ་མ། པ་ད་པ་རི་ཤཱུད་དྷ་ཡཱ་དྷི་གཙྪ་ཏྣུ་མཱ་ར་ཀརྨཱ་ཎི། ཚིག་ཡོངས་སུ་དག་པས་བདུད་ཀྱི་ལས་རྣམས་ལྷག་པར་གྲོལ་བར་མཛོད། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་འབྱུང་བའི་བདུད་ཚར་གཅོད་པའི་སྔགས་འདི་འགྲོས་དང་བཅས་པ་རྡོ་རྗེ་འཆང་དགེ་འདུན་བཀྲ་ཤིས་པའི་ཕྱག་བྲིས་ལས་བཤུས་པས་ཤིན་ཏུ་དག་པར་ཡོད་དོ།། འདིའི་ཚབ་ཏུ་ཤེས་རབ་སྙིང་པོ་གསུངས་ནས་བདུད་བཟློག་མཛད་པ་ད་ལྟ་ཕྱག་ལེན་ལ་གནང་བའང་འཐད་དོ།།
tib. p. 02915
論源紀錄——
T13 No. 397
《大方等大集經》卷十一〈海慧菩薩品第五之四〉:
如是呪者,力能繫縛一切論師、一切魔眾,是名佛印,不可破壞魔眷屬怨。善男子!若有法師受持讀誦如是等呪昇師子座,專念諸佛慈及眾生……若能如是說正法時。其處四邊各一由旬魔不能到。
T13 No. 400
《佛說海意菩薩所問淨印法門經》卷十八
如是等事。以此祕密章句加持力故。現前施作。廣為一切如應說法。是時周匝百由旬內諸魔天眾。悉不能來作破壞事。設復諸魔至法會者。亦復不能作諸障難。